ཞིན་ཧྭ་གསར་འགྱུར་ཁང་གློག་འཕྲིན་ལྟར། ཚེས23ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧོ་པེ་ཞིང་ཆེན་གྱི་སའེ་ཧན་པཱའི་ཅི་ཞེ་ནགས་རའི་ཟླ་བའི་རིར་ཕེབས་ཏེ། ནགས་རའི་རང་བྱུང་རྣམ་པར་ལྟ་ཞིབ་གནང་སྟེ། ཧོ་པེ་ཞིང་ཆེན་གྱིས་རི་ཆུ་ནགས་ཞིང་མཚེའུ་དང་རྩྭ་ཐང་བྱེ་ཐང་མ་ལག་གི་བཅོས་སྐྱོང་དང་ནགས་རའི་དོ་དམ་སྲུང་སྐྱོང་ལ་གཅིག་གྱུར་སྐུལ་འདེད་གཏོང་བའི་གནས་ཚུལ་ངོ་སྤྲོད་ལ་གསན། དེ་རྗེས། ཞི་ཅིན་ཕིང་ཧྲེང་ཧེ་དྲན་གསོའི་ནགས་ཚལ་དུ་ཕེབས་ཏེ། ཡུལ་དངོས་ནས་ནགས་ཤིང་གི་སྐྱེ་ཚུལ་ལ་ལྟ་ཞིབ་གནང་བ་དང་། ནགས་རས་སའེ་ཧན་པཱའི་སྙིང་སྟོབས་དར་སྤེལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་རྒྱུས་ལོན་གནང་། །