གླག་སྐེ་སེར་ནམ་མཁར་འཕུར་ལྡིང་བྱེད་པ་དང་། ཤྭ་བ་སེར་ཆེན་ན་འདམ་དུ་རྩྭ་ཆུར་ཅི་དགར་རོལ་བ། ཁྲུང་ཁྲུང་སྐེ་ནག་དང་འབྲོག་པའི་འབྲི་གཡག་འཆམ་མཐུན་མཉམ་གནས་སོགས་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་ཡིན་པའི་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རུ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པ་ཡན་གྱི་སྲུང་སྐྱོང་སྲོག་ཆགས་རིགས་142བར་མང་དུ་ཕྱིན་པ་དེ་སྔའི་རིགས་76དང་བསྡུར་ན་རིགས་66མང་དུ་སོང་ཡོད་པ་རེད།