ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚེས24ཉིན་ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར་དུ་རྟོག་ཞིབ་གནང་། ཁོང་སྔ་གཞུག་ཏུ་ཁྲེང་ཏེ་ཚ་གཡོལ་རི་གྲོང་དང་། ཕུའུ་ཉིང་དགོན་པ། ཁྲེང་ཏེ་དངོས་མང་བཤམས་སྟོན་ཁང་། ཧྲོང་ལོན་ཆུས་པེན་ཆའོ་ཙི་གྲོང་རྡལ་ཏཱ་ཀུའེ་ཁོའུ་སྡེ་བ། ཀའོ་ཞིན་ཆུས་པེིན་ཧོ་སྡེ་ཁུལ་ཁྱིམ་སྡོད་རྒན་གསོ་ཞབས་ཞུ་ལྟེ་གནས་བཅས་སུ་ཕེབས་ནས། ཤུལ་བཞག་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དང་ཆོས་ལུགས་ལས་དོན། མི་རིགས་མཐུན་སྒྲིལ། གྲོང་གསེབ་དར་སྤེལ། རྒན་གསོ་ཞབས་ཞུ་སོགས་ལ་དམིགས་ནས་ཡུལ་དངོས་སུ་རྟོག་ཞིབ་གནང་། །