གཉེན་བསུ་ཟམ་ཆེན་བསྐྲུན་ཚར་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས།
ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས།
ལྷ་ས་སྐྱིད་ཆུའི་ལྷོ་བྱང་གཉིས་ཀྱི་འགྲིམ་འགྲུལ་བར་ཐག་ཇེ་ཐུང་དུ་བཏང་ཞིང་།
རྒྱ་ཆེའི་གྲོང་མི་རྣམས་འགྲོ་འོང་བྱེད་པར།
སྟབས་བདེའི་ཆ་རྐྱེན་བསྐྲུན་པ་རེད།
གཉེན་བསུ་ཟམ་ཆེན།
རྒྱུས་ལོན་བྱུང་བ་ལྟར་ན།
གཉེན་བསུ་ཟམ་ཆེན་གྱི།
དེ་སྔའི་ཕྱོགས་གཉིས་ཀྱི་འཁོར་ལམ་བཞི་ཡི་རྨང་གཞིའི་སྟེང་།
རྐང་ཐང་བགྲོད་ལམ་ཁ་སྣོན་བྱེད་རྒྱུ་ཡིན།
གྲོང་མི་མང་པོ་ཞིག་གི་རྒྱབ་སྐྱོར་ཐོབ་ཅིང་།
གཉེན་བསུ་ཟམ་ཆེན།
བསྒྱུར་བཀོད་གང་འདྲ་བྱས་ཡོད་མིན་ཐད།
ཚང་མས་རེ་སྒུག་ཆེན་པོ་བྱེད་བཞིན་འདུག
རྣམ་གྲངས་ཀྱི་ཞིབ་ཕྲའི་འཕེལ་རིམ།
ཟླ8པའི་ཚེས23ཉིན། ལྷ་ཞབས་གླིང་ཕྲན་གཉེན་བསུ་ཟམ་ཆེན་ཚང་མ་བཀག་སྡོམ་རྣམ་པའི་ཐོག་ནས་ཨར་ལས་བྱེད་བཞིན་ཡོད་པས། ལྷ་ས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཟམ་པ་དེར་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ལག་བསྟར་བྱས་པ་རེད། མིག་སྔའི་བར་དུ་ཟམ་པ་དེའི་འགྲིམ་འགྲུལ་བཀག་སྡོམ་ད་དུང་གྲོལ་མེད་པ་དང་ཡུལ་དངོས་སུ་ཨར་ལས་མི་སྣས་ལས་སྣོན་བྱས་ཏེ་ཨར་ལས་བྱེད་བཞིན་ཡོད།
འགྲིམ་འགྲུལ་བཀག་སྡོམ།
ཟླ8པའི་ཚེས24ཉིན། རྣམ་གྲངས་དེའི་བཤིག་དགོས་པའི་ལས་ཚད་ཀྱི75%བཤིག་ཟིན་པ་དང་། སྔོན་དཔག་བྱས་པ་ལྟར་ན་ཟླ8པའི་ཚེས28ཉིན་གྱི་སྔོན་དུ་བཤིག་པའི་ལས་དོན་ཚང་མ་ལེགས་སྒྲུབ་བྱ་རྒྱུ་རེད།
ཨར་ལས་བྱ་ཡུལ།
དུས་བཀག་ལྟར་ལེགས་འགྲུབ་ཡོང་བ་འགན་ལེན་བྱ་ཆེད། ཨར་ལས་བྱ་ཡུལ་དུ་འཕྲུལ་ཆས་དང་སྒྲིག་ཆས་གཏོང་འབོར་མང་དུ་བཏང་ནས་སྔ་ཙམ་ལས་མཇུག་འགྲིལ་བ་དང་བཀག་སྡོམ་མེད་པར་བཟོས་ཏེ་ལམ་དུམ་དེའི་རྒྱུན་གཏན་གྱི་འགྲོ་འོང་ཐུབ་རྒྱུར་འགན་ལེན་བྱས་ཡོད།