བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་པའི་ཡུལ་དངོས།
སྤྱི་ཟླ་1པོའི་ཚེས་18ཉིན་གྱི་སྔ་དྲོའི་ཆུ་ཚོད་10པའི་ཐོག བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པ་དེ་ལྷ་ས་ནས་གཟབ་རྒྱས་ངང་འཚོགས་ཤིང་། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་། །