སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁུན་མིང་མེ་འཁོར་ས་ཚིགས་ལྷོ་མར་རྟོག་ཞིབ་གནང་བཞིན་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁུན་མིང་མེ་འཁོར་ས་ཚིགས་ལྷོ་མར་རྟོག་ཞིབ་གནང་བཞིན་པ།
སྤྱི་ཟླ་1པོའི་ཚེས་21ཉིན། ཞིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་དོན། ཚེས་20ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཁུན་མིང་མེ་འཁོར་ས་ཚིགས་ལྷོ་མ་རུ་རྟོག་ཞིབ་གནང་བར་ཕེབས་ཤིང་། ལས་གྲྭའི་ཡུལ་དངོས་ཀྱི་བྲེལ་ཟིང་གི་རྣམ་པར་རྒྱང་གཟིགས་མཛད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། འཛུགས་སྐྲུན་སྲ་བརྟན་བྱ་དགོས་ཤིང་། འཛུགས་སྐྲུན་རྒྱུ་ཆར་དོ་སྣང་བྱ་དགོས་པ་ལས་འཐུས་ཤོར་འགྲོ་མི་རུང་ཞེས་གསུངས། ཡང་ཁོང་གིས། ལུགས་རྙིང་ལོ་སར་ཐོན་ལ་ཉེ་བས། བདེ་འཇགས་ཐོན་སྐྱེད་ལ་ལྷོད་གཡེང་སྤུ་ཙམ་བྱ་མི་རུང་ཞེས་དང་། གོ་ཐོས་སུ་ལས་གྲྭའི་བཟོ་བའི་ཁྲོད་དུ་ཞིང་བའི་བཟོ་བ་གསུམ་ཆ་གཉིས་འདུག་ཟེར། དེ་བས་ཞིང་བའི་ལས་བཟོ་བ་ནི་འཛུགས་སྐྲུན་འདིའི་གཙོ་ཤུགས་སུ་ཆགས་ཡོད་ལ། དེ་བས་ངེས་པར་ཁོང་ཚོར་ཐུགས་ཁུར་བྱ་དགོས་ཞེས་གསུངས།