པད་མ་དབྱངས་ཅན་ལ“ཀྲུང་ཧྭ་དགེ་སྒྲུབ་བྱ་དགའ”ཐོབ་པར་རྟེན་འབྲེལ་ཞུ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 09-08



          2021ལོའི་ཟླ9པའི་ཚེས5ཉིན། 《དམངས་སྲིད་པུའུ་ཡི་སྐབས་བཅུ་གཅིག་པའི“ཀྲུང་ཧྭ་དགེ་སྒྲུབ་བྱ་དགའ”ཐོབ་མཁན་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས》དངོས་སུ་ཁྱབ་བསྒྲགས་བྱས་ཤིང་། གཅེས་སེམས་མི་སྒེར་དང་། གཅེས་སེམས་ཚོགས་པ། ཞལ་འདེབས་རྒྱག་མཁན་ཁེ་ལས། དགེ་སྒྲུབ་རྣམ་གྲངས། དགེ་སྒྲུབ་ཡིད་རྟོན་མངགས་བཅོལ་བཅས་སྐབས་བཅུ་གཅིག་པའི“ཀྲུང་ཧྭ་དགེ་སྒྲུབ་བྱ་དགའ”182སྤྲད་པ་དང་། བོད་ལྗོངས་ཀྱི་མི1དེའི་གྲས་སུ་ཚུད་འདུག 
 
གཟེངས་བསྟོད་དཔང་ཡིག
 
ཀྲུང་ཧྭ་དགེ་སྒྲུབ་བྱ་དགའ།
 
པད་མ་དབྱངས་ཅན། (བུད་མེད། བོད་རིགས།)བོད་རང་སྐྱོང་ལྗོངས་མ་བུ་བདེ་སྲུང་མཐུན་ཚོགས་ཀྱི་ཚོགས་གཙོ།
          “ཀྲུང་ཧྭ་དགེ་སྒྲུབ་བྱ་དགའ”ནི་རྒྱལ་ཡོངས་ཀྱི་དགེ་སྒྲུབ་ཁྱབ་ཁོངས་ཀྱི་སྲིད་གཞུང་གི་བྱ་དགའ་མཐོ་ཤོས་དེ་ཡིན་ཞིང་། 2005ལོ་ནས་བཟུང་གཟེངས་བསྟོད་བྱེད་སྒོ་སྐབས་བཅུ་གཅིག་སྤེལ་བ་དང་། རིམ་རྩིས་བྱས་ན་གཅེས་སེམས་མི་སྒེར་དང་། གཅེས་སེམས་ཚོགས་པ། ཞལ་འདེབས་རྒྱག་མཁན་ཁེ་ལས། དགེ་སྒྲུབ་རྣམ་གྲངས། དགེ་སྒྲུབ་ཡིད་རྟོན་མངགས་བཅོལ་བཅས་གཟེངས་བསྟོད་བྱ་དགའ1187སྤྲད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་ནུས་ལྡན་བཏང་ལ། དགེ་སྒྲུབ་བྱ་གཞག་གི་འཕེལ་རྒྱས་ལ་སྐུལ་འདེད་ཡག་པོ་བཏང་བ་རེད། སྐབས་འདིའི“ཀྲུང་ཧྭ་དགེ་སྒྲུབ་བྱ་དགའ”དཔྱད་འདེམས་བྱེད་ཐབས་ནི《“ཀྲུང་ཧྭ་དགེ་སྒྲུབ་བྱ་དགའི”དཔྱད་འདེམས་གཟེངས་བསྟོད་བྱ་ཐབས》ལ་ནན་པོར་གཞིགས་ནས་སྤེལ་བ་དང་། དམངས་སྲིད་པུའུ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་འབྲེལ་ཡོད་སྡེ་ཚན། གསར་འགྱུར་སྨྱན་སྦྱོར། ལས་རིགས་རྩ་འཛུགས་བཅས་ཀྱི་འཐུས་མི་ལས་གྲུབ་པའི་སྐབས་བཅུ་གཅིག་པའི་“ཀྲུང་ཧྭ་དགེ་སྒྲུབ་བྱ་དགའ”ཡི་དཔྱད་འདེམས་ཨུ་ལྷན་བཙུགས་པ་རེད། དཔྱད་འདེམས་ཨུ་ལྷན་གྱིས“འདུ་ཤེས་བཞི”བརྟན་པོར་བཙུགས་ཏེ། ཁྱོན་ཡོངས་ནས་ནན་པོར་འཛིན་པའི་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱས་ཤིང་། སྒྲིག་སྲོལ་ལྟར་དཔྱད་འདེམས་བྱེད་པ་དང་འགག་སྒོ་ནན་མོར་འཛིན་པ་དང་། འབྲེལ་ཡོད་ཕྱོགས་ཀྱིས་འོས་སྦྱོར་དང་། དྲ་རྒྱའི་ཐོག་འདེམས་ཤོག་འཕེན་པ། དཔྱད་འདེམས་ཨུ་ལྷན་གྱིས་གྲོས་ཞིབ་བྱེད་པ། འབྲེལ་ཡོད་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་བྱེད་པ། སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་པ་སོགས་ཀྱི་གོ་རིམ་བརྒྱུད་དེ། དམངས་སྲིད་པུའུ་ཡིས་མཐར་གཟེངས་བསྟོད་མིང་ཐོ་གཏན་འཁེལ་བྱས་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1