སྤྱི་ཟླ་1པོའི་ཚེས་24ཉིན་ནས་26ཉིན་བར། པེ་ཅིང་དང་ཐེན་ཅིང་། ཧོ་པེ་བཅས་ཀྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་ཀྱི་སྔོན་བརྡ་ཉེན་ཟོན་ལྟེ་གནས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། པེ་ཅིང་དང་ཐེན་ཅིང་། ཧོ་པེ་བཅས་ཀྱི་དབུས་ཁུལ་དང་ལྷོ་ཁུལ་དུ་བསྟུད་མར་ཚབས་ཆེ་བའི་སྦག་བཙོག་གི་གནམ་གཤིས་བྱུང་པ་དང་། སྤྱི་ཟླ་1པོའི་ཚེས་26ཉིན་ལ་མཁའ་རླུང་སྤུས་ཚད་བྱང་ཕྱོགས་ནས་ལྷོ་ཕྱོགས་བར་རིམ་བཞིན་ཇེ་ཡག་ཏུ་འགྲོ་རྒྱུ་རེད།
སྤྱི་ཟླ་1པོའི་ཚེས་24ཉིན། པེ་ཅིང་གྲོང་ཁྱེར་མཁའ་རླུང་སྦག་བཙོག་བབ་བསྟུན་བཀོད་འདོམས་པུའུ་ཡི་གཞུང་ལས་ཁང་གིས་མཁའ་རླུང་ཚབས་ཆེའི་སྦག་བཙོག་གི་སེར་ཐིག་སྔོན་བརྡ་བཏང་ཡོད་ཅིང་། པེ་ཅིང་གྲོང་ཁྱེར་གྱི་མཁའ་རླུང་གི་ཚབས་ཆེའི་སྦག་བཙོག་བབ་བསྟུན་ཇུས་གཞིར་གཞིགས་ན། སེར་ཐིག་ཉེན་བརྡ་ནི་མ་འོངས་པའི་ཉིན་གཅིག་དང་ཡང་ན་ཉིན་གསུམ་གྱི་ནང་དུ་ཚབས་ཆེའི་སྦག་བཙོག་གི་གནམ་གཤིས་བྱུང་རྒྱུ་ཡིན་པ་སྔོན་དཔག་བྱས།