གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་རྐང་ཚ་རྫོང་ཚེ་ཐར་རྡོ་སོལ་གཏེར་ཁའི“8•14”གཏེར་ཁུང་ཉེན་སེལ་རོགས་སྐྱོབ་བྱ་ཡུལ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ9པའི་ཚེས13ཉིན་གྱི་ཐོ་རེངས་བར་ཉེན་སེལ་རོགས་སྐྱོབ་ལས་དོན་གཞི་རྩའི་ཆ་ནས་མཇུག་འགྲིལ་ཞིང་། ཉེན་ཁར་གྱར་བའི་མི19ཚང་མ་འཚོལ་ཞིབ་བྱས་ནས་རྙེད་པ་དང་དེ་དག་ཚང་མ་རྐྱེན་ལམ་དུ་ཤོར་འདུག རོགས་སྐྱོབ་མི་སྣ1000ལྷག་གིས་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི3800ལས་བརྒལ་བའི་དོན་རྐྱེན་བྱུང་ཡུལ་དུ་ཉིན30ཙམ་ལ་བསྟུད་མར་རོགས་སྐྱོབ་བྱས།
ཟླ8པའི་ཚེས14ཉིན་གྱི་ཆུ་ཚོད12དང་སྐར་མ10ཡི་ཐོག་མཚོ་སྔོན་ཚེ་ཐར་རྡོ་སོལ་གཏེར་ཁའི301གི་སྔོག་འདོན་ཁུལ3690ཕྱོགས་བསྡུས་སྔོག་འདོན་ལས་ཀའི་གཏེར་ཁུང་དོན་རྐྱེན་བྱུང་བའི་སྐབས་ལས་ཀའི་ཡུལ་དངོས་སུ་མི21ཡོད་པ་དང་མི1ཐར་ཐབས་བྱུང་ཞིང་། དོན་རྐྱེན་སྐབས་སུ་མི1རྐྱེན་ལམ་དུ་ཤོར་བ་དང་མི19ཉེན་ཁའི་གནས་སུ་ལྷུང་ཡོད།