ཐང་ག་དང་གཟི་འདི་ཚོ་ཁྱེད་ཀྱིས་མཐོང་མྱོང་རྒྱུ་མ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-22



  ཐང་ག་དང་གཟི་འདི་ཚོ་ཁྱེད་ཀྱིས་མཐོང་མྱོང་རྒྱུ་མ་རེད།

     སྤྱི་ཟླ9པའི་ཚེས16ཉིན་ལ། ཁྲེང་ཏུའུ་ནུབ་རྒྱུད་དངོས་མང་སྟོན་ཚོགས་སྐབས་བཅོ་བརྒྱད་པའི་ཡུལ་དངོས་སུ། གླུ་གར་འཁྲབ་སྟོན་གྱི་ཁྲོད་དུ་གནས་མཆོག་དཀར་མཛེས་ཁུལ་དང་འབྱུང་འཕྲོད་འཕེལ་རྒྱས་ཞེས་པས་གཙོ་དོན་དུ་བྱས་པའི་དཀར་མཛེས་ཁུལ་གྱི་འགྲེམས་སྟོན་ཁང་དེའི་སྒོ་དངོས་སུ་ཕྱེ་བ་རེད།

ཐང་ག་དང་གཟི་འདི་ཚོ་ཁྱེད་ཀྱིས་མཐོང་མྱོང་རྒྱུ་མ་རེད།

     ཐེངས་འདིའི་ནུབ་རྒྱུད་དངོས་མང་སྟོན་ཚོགས་སུ་དཀར་མཛེས་ཁུལ་གྱི་འགྲེམས་སྟོན་ཁང་གི་རྒྱ་ཁྱོན་ནི་སྨི་གྲུ་བཞི་མ1500ཡིན་ཞིང་སྐབས་རིམ་བྱུང་གི་འགྲེམས་སྟོན་ནང་གི་རྒྱ་ཁྱོན་ཆེས་ཆེ་བ་དེ་རེད།

     འགྲེམས་སྟོན་ཁང་གི་ཇུས་འགོད་གྲུབ་ཆའི་ཐད་ལ། གསར་བརྗེའི་བརྩེ་སེམས་མངོན་པ་དང་འབྱུང་འཕྲོད་སྐྱེ་ཁམས་འཕེལ་རྒྱས་ཀྱི་འདུ་ཤེས་མཚོན་པ། དཀར་པོས་དྭངས་གཙང་གི་ཁོག་ཡངས་མཚོན་པ་བྱས་ཡོད་ཅིང་། འགྲེམས་ཁུལ་གསུམ་དུ་བགོས་ཡོད་པ་སྟེ། གཙོ་དོན་ཁུལ་དང་། རིག་གནས་གསར་བཀོད་ཁུལ། རྫོང་དང་གྲོང་ཁྱེར་བཅོ་བརྒྱད་ཀྱི་ཁུལ་བཅས་སོ།།

ཐང་ག་དང་གཟི་འདི་ཚོ་ཁྱེད་ཀྱིས་མཐོང་མྱོང་རྒྱུ་མ་རེད།

     དེ་དག་ལས་རང་ཁུལ་གྱི་འཕེལ་རྒྱས་གྲུབ་འབྲས་དང་། འཕེལ་རྒྱས་འདུ་ཤེས། སྐྱེ་ཁམས་ཡུལ་སྐོར། རིག་རྩལ་འཁྲབ་སྟོན། རིག་གནས་གསར་བཀོད་འགྲེམས་བསྒྲགས། མི་རིགས་ཡུལ་སྲོལ། གྲུབ་འབྲས་སྤུས་དག། ཁྱད་ཆོས་ཐོན་རྫས། བྲོ་ལྡན་ཟས་མཆོག་བཅས་མ་ཚང་བ་མེད་པ་ལྟད་མོ་བའི་མིག་ལམ་དུ་མངོན་ཡོད།

     ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་དང་འཛམ་གླིང་གི་གཟུགས་མེད་རིག་ཤུལ་བཞག། གསར་བརྗེའི་སློབ་གསོའི་རྟེན་གཞི་བཅས་ནི་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ལ་མཚོན་ན་ཡང་བསྟོད་པའི་མཐེ་བོང་སྒྲེང་ཆོག་གི་ཡོད།

     ཐེངས་འདིའི་འགྲེམས་སྟོན་གྱི་ཡུལ་དངོས་སུ་འཚེམ་དྲུབ་ཐང་ག་མཁན་པོ་ཚོས་ཡུལ་དངོས་སུ་ཐང་ག་འབྲི་བཞིན་ཡོད་ལ། སྒྱུ་རྩལ་དང་དཔལ་འབྱོར་རིན་ཐང་ཆེས་ཆེ་བའི་རྟ་མཆོག་རིན་པོ་ཆེའི་ཐང་ག་རྩ་ཆེན་དེ་ཡང་འགྲེམས་སྟོན་ཐེངས་དང་པོར་བྱས་ཡོད།

ཐང་ག་དང་གཟི་འདི་ཚོ་ཁྱེད་ཀྱིས་མཐོང་མྱོང་རྒྱུ་མ་རེད།

དེ་བཞིན་རྫོང་དང་གྲོང་ཁྱེར18ཡི་འགྲེམས་ཁུལ་དུ་གནས་མཆོག་དཀར་མཛེས་ཁུལ་གྱི་ཟོང་རྟགས་བཀོད་པའི་ཞིང་འབྲོག་ཐོན་རྫས་སྣ་མང་བཤམས་ཡོད་པ་དེ་ཚོས་ལྟད་མོ་བ་དང་ཚོང་པའི་མིག་དབང་འཕྲོག་ཡོད། རགས་རྩིས་བྱས་ན་འགྲེམས་ཁང་གི་སྒོ་ཕྱེ་ནས་ཆུ་ཚོད4ཡི་རིང་ལ་ལྟད་མོ་བ5000ལས་བརྒལ་ཡོད་པ་རེད།

ཐང་ག་དང་གཟི་འདི་ཚོ་ཁྱེད་ཀྱིས་མཐོང་མྱོང་རྒྱུ་མ་རེད།
ཐང་ག་དང་གཟི་འདི་ཚོ་ཁྱེད་ཀྱིས་མཐོང་མྱོང་རྒྱུ་མ་རེད།

ལྟ་གནད་དང་པོ། དཀར་མཛེས་ཁུལ་གྱི་ཁྱད་ཆོས་ཡོངས་སུ་ངོམ་ཡོད།

གངས་རི་རྩྭ་ཐང་དང་གནའ་མཁར་བོད་གྲོང་སོགས་ཕུད། ཡུལ་དངོས་སུ་རྒྱལ་ལམ318པའི་ཐོག་ལ་འགྲོ་ཚུལ་མྱོང་རོལ་དང་། བོད་ཆས་འགྲོས་འགྲེམས། མི་རིགས་གླུ་གར། གློག་རྡུལ་ཚོང་དོན་ཐད་གཏོང་། ཇ་ཆང་ཤ་དང་ཤ་མོ་དང་། སིལ་ཏོག་སྔོ་ཚལ་ཆུ་དང་སྨན། བཟའ་འབྲུ་བཟའ་སྣུམ་བཅས་དང་། དེ་བཞིན་ཁམས་པའི་ཕོ་རྒོད་དང་རྒྱལ་རོང་མཛེས་མ། རང་ཁུལ་གྱི་དྲྭ་གྲགས་བཅས་ཡོངས་སུ་འཛོམས་ཡོད། འགྲེམས་སྟོན་ཁང་དུ་འགུལ་རྣམ་དང་འཇགས་རྣམ། དངོས་པོ་དང་ཚན་རྩལ། ལྟ་འགྲེམས་དང་རོལ་མྱོང་། དྲྭ་ཐོག་དང་དྲྭ་ཕྱི། ཕྱི་རོལ་དང་ནང་རོལ་བཅས་ཟུང་འབྲེལ་ཆེན་པོ་ལྔ་བྱས་ཡོད།

ཐེངས་འདིའི་རང་ཁུལ་གྱི་འགྲེམས་སྟོན་ཁང་ལ་ཁྱད་ཆོས་ཆེན་པོ་གསུམ་ཡོད་དེ། གཅིག་ནི་གནས་ཡུལ་ཆེས་ཡག་ས་ཡིན་པ་དང་། གཉིས་ནི་རྒྱ་ཁྱོན་ཆེས་ཆེ་བ། གསུམ་ནི་འགྲེམས་ཞུགས་ཁེ་ལས་ཆེས་མང་བ་བཅས་སོ།།

ཐང་ག་དང་གཟི་འདི་ཚོ་ཁྱེད་ཀྱིས་མཐོང་མྱོང་རྒྱུ་མ་རེད།

དཀར་མཛེས་ཁུལ་གྱི་ཁྱད་ཆོས་མངོན་ཆེད། ཐེངས་འདིར་གཟི་རྙིང་སྤུས་དག30ལྷག་འགྲེམས་སྟོན་བྱས་ཡོད་ལ། རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ལ་ཟིན་ཞིང་། དེའི་ནང་གི་གཟི་གཅིག་གི་རིང་ཚད་ལ་ལི་སྨི8.2ལ་ཟིན་ཡོད་པ་རེད།

ཐང་ག་དང་གཟི་འདི་ཚོ་ཁྱེད་ཀྱིས་མཐོང་མྱོང་རྒྱུ་མ་རེད།
ཐང་ག་དང་གཟི་འདི་ཚོ་ཁྱེད་ཀྱིས་མཐོང་མྱོང་རྒྱུ་མ་རེད།
ཐང་ག་དང་གཟི་འདི་ཚོ་ཁྱེད་ཀྱིས་མཐོང་མྱོང་རྒྱུ་མ་རེད།

ལྟ་གནད་གཉིས་པ། དཀར་མཛེས་ཁུལ་གྱི་འགྲེམས་སྟོན་ཁང་ལ་ཕྱི་རྒྱལ་སྐུ་མགྲོན་ཚོགས་པའི་བསྟོད་བསྔགས་ཐོབ།

    ཀྲི་ལི་གཞུང་ཚབ་ཁང་། སུའེ་ཙེར་དང་ཧན་གོ་སོགས་ཁྲེང་ཏུའུ་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་སོགས་ཀྱི་མི་སྣ་དཀར་མཛེས་ཁུལ་གྱི་འགྲེམས་སྟོན་ཁང་ལྟད་མོ་ལྟ་སར་ཡོང་བ་དང་། ལས་སྒྲུབ་མི་སྣ་ཚོ་དང་ཁ་བརྡ་ལབ་ནས་གནས་ཚུལ་རྒྱུས་ལོན་བྱས་ཤིང་།  ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་དུས་རིམ་ནང་རང་ཁུལ་གྱི་ཁྱབ་ཁོངས་སོ་སོར་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་པ་རེད།

ཐང་ག་དང་གཟི་འདི་ཚོ་ཁྱེད་ཀྱིས་མཐོང་མྱོང་རྒྱུ་མ་རེད།
ཐང་ག་དང་གཟི་འདི་ཚོ་ཁྱེད་ཀྱིས་མཐོང་མྱོང་རྒྱུ་མ་རེད།
ཐང་ག་དང་གཟི་འདི་ཚོ་ཁྱེད་ཀྱིས་མཐོང་མྱོང་རྒྱུ་མ་རེད།
ཐང་ག་དང་གཟི་འདི་ཚོ་ཁྱེད་ཀྱིས་མཐོང་མྱོང་རྒྱུ་མ་རེད།
ཐང་ག་དང་གཟི་འདི་ཚོ་ཁྱེད་ཀྱིས་མཐོང་མྱོང་རྒྱུ་མ་རེད།

གནས་མཆོག་དཀར་མཛེས་ཁུལ་གྱི་བྲོ་ལྡན་ཟས་མཆོག་འགྲེམས་མྱོང་ཁུལ་དུ། དབྱར་རྩྭ་དགུན་འབུ་དང་བེ་ཤ། ཟོག་ཤ། མཐོ་སྒང་གི་ལྡུམ་སྒོང་ཆུང་ངུ་། སྡེ་རོང་གི་རྒུན་ཆང་། ལི་ཐང་གི་མཐོ་གྲོང་སིལ་ཏོག་སོགས་ལ་ཕྱི་རྒྱལ་སྐུ་མགྲོན་ཚོས་དགའ་བསུ་ཆེན་པོ་བྱས་པ་རེད།

ཐང་ག་དང་གཟི་འདི་ཚོ་ཁྱེད་ཀྱིས་མཐོང་མྱོང་རྒྱུ་མ་རེད།
ཐང་ག་དང་གཟི་འདི་ཚོ་ཁྱེད་ཀྱིས་མཐོང་མྱོང་རྒྱུ་མ་རེད།
ཐང་ག་དང་གཟི་འདི་ཚོ་ཁྱེད་ཀྱིས་མཐོང་མྱོང་རྒྱུ་མ་རེད།
ཐང་ག་དང་གཟི་འདི་ཚོ་ཁྱེད་ཀྱིས་མཐོང་མྱོང་རྒྱུ་མ་རེད།
ཐང་ག་དང་གཟི་འདི་ཚོ་ཁྱེད་ཀྱིས་མཐོང་མྱོང་རྒྱུ་མ་རེད།
ཐང་ག་དང་གཟི་འདི་ཚོ་ཁྱེད་ཀྱིས་མཐོང་མྱོང་རྒྱུ་མ་རེད།

     ཁུལ་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་པོ་གཞོན་པ་གཡུ་སྒྲོན་དང་། ཁུལ་ཚོང་དོན་མཉམ་ལས་ཅུས་ཀྱི་ཅུས་ཀྲང་ཚེ་རིང་དབང་མོས་ཕྱི་རྒྱལ་སྐུ་མགྲོན་ཚོགས་པར་ཁ་བཏགས་ཕུལ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1