ཉེ་ཆར། བོད་ཀྱི་གླུ་མ་གྲགས་ཅན་དཔའ་རིས་རིག་འཛིན་སྒྲོལ་མ་ཡིས་དུས་ཡུན་རིང་པོའི་ནང་གྲ་སྒྲིག་བྱས་པའི་གླུ་གཞས་ཆེད་བསྒྲིགས་གསར་པ་《ཕྱིར་མི་ལྡོག་པའི་དམ་ཚིག》ཅེས་པ་ད་ལྟ་དངོས་སུ་ཚོང་རར་འགྲེམ་སྤེལ་བྱས་ཡོད་ལ། གླུ་གཞས་ཆེད་བསྒྲིགས་འདིར་ཁོ་མོའི་དྭངས་གཙང་གི་སྐད་ངག་དང་སྙན་འཇེབས་ཀྱི་རོལ་དབྱངས་དག་ཕྱོགས་གཅིག་ཏུ་བསྒྲིགས་ནས། ནང་སེམས་ཀྱི་འགལ་འདུ་དང་བརྩེ་དུང་སོགས་མཚོན་པར་བྱས་ཡོད་པས། རྒྱ་ཆེའི་གཟིགས་མོ་བ་ཀུན་གྱི་རྣ་བའི་དཔྱིད་དང་མིག་གི་དགའ་སྟོན་དུ་འགྱུར་བའི་རེ་བ་དང་ཡིད་ཆེས་བརྟན་པོ་ཡོད། །