གློག་བརྙན《གེ་སར་རྒྱལ་པོའི་དཔའ་བོའི་བསྟོད་དབྱངས》ཞེས་པ་ཕབ་འགོ་ཚུགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-26


《གེ་སར་རྒྱལ་པོའི་དཔའ་བོའི་བསྟོད་དབྱངས་》ཞེས་པའི་གློག་བརྙན་ཕབ་འགོ་བཙུགས་པའི་མཛད་སྒོའི་ཡུལ་དངོས།

        སྤྱི་ཟླ་༩པའི་ཚེས་༢༤ཉིན་གྱི་སྔར་དྲོར། ཀན་སུའུ་ཧྲང་དབྱི་ཅ་ཧྲི་བརྙན་གཟུགས་སྤྱི་གཉེར་ཁང་གིས་སྒོར་དུང་ཕྱུར་གཉིས་བཏང་བའི་གྲངས་འཛིན་གློག་བརྙན་ཆེ་གྲས་《གེ་སར་རྒྱལ་པོའི་དཔའ་བོའི་བསྟོད་དབྱངས་》ཞེས་པ་དེ་ཀན་ལྷོ་ཁུལ་གྱི་དུང་ཕྲུག་སྐྱེ་ཁམས་གླིང་དུ་པར་འགོ་ཚུགས།
        གེ་སར་སྒྲུང་ནི་འཛམ་གླིང་གི་དངོས་མིན་རིག་གནས་ཀྱི་ཤུལ་བཞག་རྩ་ཆེན་ཞིག་ཡིན་པ་དང་བོད་རིགས་ཀྱི་དཔའ་བོའི་རྟོགས་བརྗོད་རིང་མོ་ཞིག་ཡིན། གེ་སར་རིག་གནས་དེ་ཕྱི་རུ་ཁྱབ་བསྒྲགས་ཤུགས་ཆེན་གཏོང་ཆེད། ཀན་སུའུ་ཧྲང་དབྱི་ཅ་ཧྲི་བརྙན་གཟུགས་སྤྱི་གཉེར་ཁང་གིས་སྒོར་དུང་ཕྱུར་གཉིས་ཙམ་བཏང་ནས་གེ་སར་རྒྱལ་པོའི་གློག་བརྙན་པར་རྒྱུའི་འཆར་གཞི་བཀོད་དེ་ཕྱོགས་གཅིག་ནས་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ལ་ཆོག་མཆན་ཞུས་པ་དང་། ཕྱོགས་གཞན་ཞིག་ནས་འཁྲབ་སྟོན་པ་འདེམ་པ་སོགས་ཀྱི་གྲ་སྒྲིག་ལས་ཀ་སྤེལ་བར་བརྒྱུད། གློག་བརྙན་དངོས་སུ་ཕབ་རྒྱུའི་ཆ་རྐྱེན་འཛོམས་ཐུབ་པ་བྱུང་།

མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་གི་སྔོན་གྱི་སུའོ་ཀྲང་གཅོད་པ་དོན་གྲུབ་ཀྱིས་གསུང་བཤད་གནང་བཞིན་པ།


གཙོ་འཁྲབ་པ་བསམ་འགྲུབ་ཚེ་རིང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།

        ཉིན་དེའི་བྱེད་སྒོའི་ཐོག་སྤྱི་གཉེར་ཁང་གི་འགན་ཁུར་པ། གེ་སར་གློག་བརྙན་གྱི་འཁྲབ་ཁྲིད་པ་ཝང་ཁྲེང་ཕེང་དང་ཀན་ལྷོ་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཤིས་ཚིག་ཕུལ། གེ་སར་ཆེད་མཁས་པ་འཇམ་དཔལ་རྒྱ་མཚོ་དང་ནོར་བུ་དབང་ལྡན་སོགས་ཀྱིས་བརྙན་ཐོག་ནས་ཤིས་ཚིག་ཕུལ། མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་གི་སྔོན་གྱི་སུའོ་ཀྲང་གཅོད་པ་དོན་གྲུབ་ཀྱིས་གསུང་བཤད་གནང་། གེ་སར་རྒྱལ་པོའི་གློག་བརྙན་གྱི་འབྲེལ་ཡོད་ལས་དོན་པ་དང་འཁྲབ་སྟོན་པ་སོགས་ཀྱིས་ངོ་ཐུག་བྱས་པ་མ་ཟད། གེ་སར་རྒྱལ་པོ་གློག་བརྙན་དངོས་སུ་ཕབ་འགོ་ཚུགས་པར་ཁྱབ་བསྒྲགས་བྱས།

ཕབ་འགོ་ཚུགས་པའི་མཛད་སྒོའི་ཟུར་ཞིག 

        ཉིན་དེའི་ཕྱིར་དྲོར། གེ་སར་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཟི་ལིང་དང་ལན་ཀྲུའུ། སི་ཁྲོན། ཀན་ལྷོ་བཅས་ཀྱི་ཆེད་མཁས་པ་གཅོད་པ་དོན་གྲུབ། སྨན་ཤུལ་རིན་ཆེན་རྡོ་རྗེ། ལྷུན་གྲུབ་དབང་མོ། དཀོན་མཆོག་རྡོ་རྗེ། དཀོན་ལོ། དབྱང་དར་རྒྱས། ཀླུ་རྒྱལ་དོན་གྲུབ་སོགས་ཀྱིས་གེ་སར་གློག་བརྙན་ཕབ་བའི་སྐོར་ལ་བསམ་འཆར་བཏོན་ཡོད། །
གེ་སར་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུའི་ཡུལ་དངོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1