༄༅།།ཁྲིམས་ཡིག་གཏན་འབེབས་བྱས་པའི་སྐོར།

རྩོམ་པ་པོ། ཐུབ་བསྟན་ཕུན་ཚོགས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 09-28


ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དང་ཕྱག་མཛོད་བསོད་ནམས་རབ་བརྟན སོག་པོ་གུ་ཤྲི་ཧན་སོགས་ཀྱིས་གཙང་པ་ཕམ་པར་བྱས་ཏེ་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་གསར་དུ་བཙུགས་པ་དང༌།  སྲིད་དབང་སྲ་བརྟན་གྱི་ཆེད་དུ་ཏཱ་ལའི་བླ་མས་ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ་ཞེས་པ་ཞིག་ཁྱབ་བསྒྲགས་གནང་འདུག་ཀྱང་དོན་དུ་གཙང་པ་སྡེ་སྲིད་ཀྱི་ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་དང་གཅིག་པར་སྣང་བས་འདིར་མ་བཀོད།  དེའི་རྗེས་སུ་གནས་དུས་ཀྱི་དགོས་མཁོ་དང་བསྟུན་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་《བླང་དོར་གསལ་བར་སྟོན་པའི་དྲང་ཐིག་དྭངས་ཤེལ་མེ་ལོང་》ཞེས་པ་ཞིག་རྩོམ་སྒྲིག་མཛད་ཡོད་པ་དེའང་ཡི་གེ་མང་བར་དོགས་པས་ཡོངས་སུ་འགོད་པའི་དགོས་པ་མི་འདུག་སྟེ།  ཁྲིམས་ཡིག་དེ་ལ་དོན་ཚན་ཉེར་གཅིག་ཡོད་པ་དེའི་དོན་ཚན་སོ་སོ་མདོར་བསྡུས་གསལ་དུ་དགོད་པར་བྱའོ།  དང་པོ།   སྲིད་སྐྱོང་བའི་ས་སྐྱོང་དེའི་བྱ་གཞག་གི་གཙོ་བོ། གོང་ས་སྐྱབས་མགོན་རིན་པོ་ཆེའི་བཀའ་ལ་བརྩི་སྲུང་དགོས་ཚུལ་དང༌།  དེའི་སྐུ་རིམ་དང༌།   བསྟན་སྲིད་ལ་རྒྱའི་སྐུ་རིམ།   ས་མཚམས་ཀྱི་མི་སྡེ་དང༌།   སྦྱིན་བདག་སྟོབས་ཆེན་རྣམས་ཀྱི་བློ་ཡིད་འགུགས་པའི་ཕྱིར་དུ་དཔལ་འབྱོར་གྱི་འགྲོ་གྲོན་ལ་སེར་སྣ་མེད་པ་གནོད་སྦྱིན་བང་མཛོད་ལ་ལོངས་སུ་སྤྱོད་པ་ལྟ་བུའི་སྙིང་ནས་འཁྲོལ་ནུས་པ་བྱེད་དགོས་པའི་ཚུལ་དང༌།  དགོས་མེད་ཁེ་གྲགས་ཀྱི་ཆེད་དང་གཞན་པའི་ཞུས་དབང་སོགས་ཀྱི་ཨར་པོ་ ་ལག་གིས་མཚོན་པའི་མི་སེར་ཁག་སྦྱོང་གི་ལས་མི་བྱེད་པ།  བླ་དཔོན་སྡེ་དཔོན་གྱི་གཙོས་སྐྱ་སེར་དགྲ་ཞན་མཐའ་དག་ལ་ཉེ་སྐྱོར་ཞུས་དབང་ཕྱོགས་ལྷུང་དུ་མ་གྱུར་པའི་རྒྱལ་ཁྲིམས་དྲང་གཞག་གི་ཁྲིམས་ཡིག་ཁུངས་ཐུབ་གཙོ་བོར་འདོན་དགོས་པ་སོགས་ཀྱི་སྐོར་ཡིན། གཉིས་པ།    ལས་ཚན་བཅུ་གསུམ་གྱི་འོས་འགན་སྐོར་ལ།  རྒྱལ་སྲིད་ལ་མེད་དུ་མི་རུང་བ་བློན་པོ་དང་དམག་དཔོན།  ཞལ་ལྕེ་གཅོད་པའི་སྐོར།   བཟོ་རིག་དོ་དམ།  གཉེར་པའི་རིགས་ཆེ་ཕྲ།  སྡོམ་གཅོད་པ།   མི་དཔོན།   ཕྱོགས་ཀྱི་རྫོང་གཞིས།  གྲྭ་ཚང་ཁག་གི་གཉེར་པ།   ཚོང་དཔོན།   རྡ་འོ་ཁའི་འགོ་པ།  དཀོར་གཉེར།   གསེར་ཡིག་པ་རྣམས་ལས་ཚན་གྱི་སྐོར་ཡིན།                                                                                                                                                                                                                                                          



རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1