རྔ་བ་ཁུལ་གྱིས་ལུགས་རྙིང་ལོ་སར་སྐབས་སུ་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པ་ཚོར་འཚམས་འདྲི་ཞུ་བའི་བཞུགས་མོལ་གྲོས་ཚོགས་ཁྲེན་ཏུའུ་རུ་འཚོགས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-29


2015ལོའི་སྤྱི་ཟླ་1པོའི་ཚེས་27ཉིན། རྔ་བ་ཁུལ་གྱིས་ལུགས་རྙིང་ལོ་སར་སྐབས་སུ་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པ་ཚོར་འཚམས་འདྲི་ཞུ་བའི་བཞུགས་མོལ་གྲོས་ཚོགས་ཁྲེན་ཏུའུ་རུ་འཚོགས། བཞུགས་མོལ་ཚོགས་འདུའི་ཐོག་ཏུ། རྔ་བ་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཙའོ་མིན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ། ཁུལ་ཡོངས་ཀྱི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པ་ཡོངས་ལ་ལོ་གསར་པའི་ནང་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་བྱས་ཤིང་། ཁོང་ཚོས་དུས་ཡུན་རིང་པོའི་ནང་རྔ་བ་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པར་མ་ཟད། རྒྱ་ཆེའི་འགོ་ཁྲིད་རྒན་པ་རྣམས་ཀྱིས་ནམ་ཡིན་ཡང་རྔ་བ་ཁུལ་གྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་འགྲོ་བ་དང་ཡུན་རིང་བདེ་འགོད་ཀྱི་ལས་ཀའི་ཐད་དུ་བྱས་རྗེས་འཇོག་པའི་རེ་བ་ཡོད་ཅེས་བཤད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1