དཀར་མཛེས་ཁུལ་ནས་རིག་གཞུང་བགྲོ་གླེང་འདི་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།དཀར་མཛེས་བརྙན་འཕྲིན་ཁང་། སྤེལ་དུས། 09-28



དཀར་མཛེས་ཁུལ་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་སྐྱོང་སྐོར་གྱི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་དར་མདོ་ནས་ཚོགས་པ།
        ཚེས་27ཉིན་གྱི་སྔ་དྲོར། དཀར་མཛེས་ཁུལ་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་སྐྱོང་སྐོར་གྱི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་དར་མདོ་རུ་ཚོགས། ད་ཐེངས་ཀྱི་ཚོགས་འདུ་དེ་ཁུལ་ཨུ་ཡིས་གཙོ་གཉེར་བྱས་པ་དང་།ཁུལ་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཁུལ་བོད་རིག་པའི་ཞིབ་འཇུག་ཁང་གིས་མཉམ་འབྲེལ་ཐོག་གཉེར་བ་རེད།ཞིང་ཆེན་ཁམས་བོད་ཞིབ་འཇུག་ལྟེ་གནས(སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་)དང་།ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན།ཁུལ་ཁམས་པའི་རིག་གནས་ཞིབ་འཇུག་ཁང་བཅས་ཀྱིས་གཞོགས་འདེགས་བྱས་པ་ཞིག་རེད། ཁུལ་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སངས་དགའ་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་བ་དང་།ཁུལ་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཤའོ་ཀྲི་ཧུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
        ད་ཐེངས་ཀྱི་ཚོགས་འདུར་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་མཁས་དབང་40ལྷག་ཙམ་ཞུགས་པ་དང་འབྲེལ་ཡོད་དཔྱད་རྩོམ་60ལྷག་ཙམ་འབྱོར་ཞིང་།ཚོགས་འདུའི་ཐོག་བརྗོད་དོན་གཙོ་བོའི་གཏམ་བཤད་དང་དཔྱད་རྩོམ་གྱི་གྲུབ་འབྲས་སྤེལ་རེས་ཀྱི་རྣམ་པའི་ཐོག་ནས་སྤེལ་བ་རེད།
        པུའུ་ཀྲང་སངས་དགའ་ཡིས“དཀར་མཛེས་ཁུལ་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་སྐྱོང་སྐོར་གྱི་རིགས་པའི་གཞུང་ལུགས་བརྟན་དུ་གཏོང་བའི”བགྲོ་གླེང་ཚོགས་འདུར་དུས་རབས་འབྱེད་པའི་དོན་སྙིང་གལ་ཆེན་ལྡན་ཡོད། མཐུན་སྒྲིལ་ཕྱུག་འགྱུར་དང་ཞི་མཐུན།མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་གསར་པར“ངེས་པར་གཉིས”བཏོན་ནས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་རང་རེའི་ཏང་གི་དགོངས་པ་གལ་ཆེན་ངེས་པར་དུ་སྟངས་འཛིན་ཡང་དག་དང་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་མི་རིགས་ཁག་དབར་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། དེ་བས་ངེས་པར་དུ་སྤྱི་ཚོགས་ལས་རིགས་ཁག་གིས་སེམས་ནུས་གཅིག་སྒྲིལ་དང་ཐབས་འདོན་ཇུས་འདོན་བྱས་ནས་དཀར་མཛེས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་རིག་སྟོབས་ཀྱི་རྒྱབ་སྐྱོར་དང་རིགས་པའི་གཞུང་ལུགས་ཀྱི་འདེགས་སྐྱོར་བྱེད་དགོས་ཞེས་བཤད་པ་རེད།


        ཚོགས་འདུའི་ཐོག་བོད་འབྲེལ་ས་ཁུལ་གྱི་རིགས་གཅིག་མཁས་ཅན་གྱིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་སྐྱོང་འཛུགས་པའི”ཆེད་དོན་ལ་དམིགས་ནས་ངེས་པར་དུ་ས་གནས་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་རྒྱལ་སྤྱིའི་རྒྱབ་ལྗོངས་གསལ་པོར་བཤད་ནས། ནང་ཁུལ་དང་ཕྱི་རོལ་གྱི་གནས་ཚུལ་ལ་དུས་ཐོག་ཏུ་ཞིབ་འཇུག་དང་བརྡར་ཤ་བཅད། དུས་རབས་གསར་པའི་རྨང་གཞིའི་ཐོག་ལངས། ཏང་གི་མི་རིགས་སྲིད་ཇུས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་རྨང་གཞིའི་རིགས་པའི་གཞུང་ལུགས་ཞིབ་འཇུག་ཏན་ཏིག་བྱས་ནས་མི་རིགས་ཁག་དབར་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་སྔོག་འདོན་གཏིང་ཟབ་བྱས་ཏེ་ཞིང་ཁའི་བརྟག་དཔྱད་རྒྱ་ཁྱབ་ངང་བྱས་ནས་དུས་རབས་འཕོ་འགྱུར་ཁྲོད་ཀྱི་འབྲེལ་ཡོད་བོད་འབྲེལ་ས་ཁུལ་གྱི་གནས་ཚུལ་གསར་པ་དང་དགོས་མཁོ་གསར་པ་ཤེས་རྟོགས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དང་།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས།ཀྲུང་ཧྭ་མི་རིགས་བཅས་ལ་བཅངས་པའི་ངོས་འཛིན་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས།

        ད་ཐེངས་ཀྱི་ཆེད་དོན་སློབ་སྦྱོང་དང་སྤེལ་རེས་བགྲོ་གླེང་བྱས་པ་བརྒྱུད་དཀར་མཛེས་ཁུལ་གྱི་མི་རིགས་ལས་དོན་སྤེལ་རྒྱུར་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་པར་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ལས་བྱེད་པ་ཡོངས་ལ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་རྒྱལ་ཁབ་གཅིག་གྱུར་གྱི་རྨང་གཞི་དང་།མི་རིགས་མཐུན་སྒྲིལ་གྱི་རྩ་བ།བསམ་པའི་སྟོབས་ཤུགས་ཀྱི་བླ་སྲོག་བཅས་ཡིན་པའི་ངོས་འཛིན་སྔར་བས་གཏིང་ཟབ་ཐོབ་པ་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་སྐྱོང་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་།ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེའུ་གསར་པ་བསྐྲུན་རྒྱུ་དང་འབྲེལ་མི་རིགས་ལས་དོན་གྱི་དེང་རབས་ཅན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་འབད་འཐབ་ལྷོད་མེད་བྱ་རྒྱུ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1