ཉེ་ཆར། ཀྲུང་གོའི་ཨར་ལས་བཟོ་སྐྲུན་གྱི་ཀྲན་ཐེན་ཡིའུ་ཡི་བྱ་དགའ་སྐབས་བཅོ་བརྒྱད་པ་དངོས་སུ་སྤྲད་པ་དང་། FASTརྒྱང་ཤེལ་ཨར་ལས་དང་ཨའེ་ཙའེ་ཟམ་ཆེན། ཡིའུ་ཅང་པའེ་སེ་ཆུ་བེད་འགག་མདོ། ཧྲང་ཧའེ་སེང་ཁེང་མགྲོན་ཁང་། པའོ་ཅི་ནས་ལན་ཀྲོའུ་བར་གྱི་ལྕགས་ལམ་འགྲུལ་སྐྱེལ་ཆེད་ལམ་སོགས་ཨར་ལས30ལ་བྱ་དགའ་དེ་ཐོབ་པ་རེད།
ཀྲུང་གོའི་ཨར་ལས་བཟོ་སྐྲུན་གྱི་ཀྲན་ཐེན་ཡིའུ་ཡི་བྱ་དགའ་དེ་སྤུས་ཚད་བྱ་དགའ་གཞན་དག་དང་མི་འདྲ་ཞིང་། ཨར་ལས་ཀྱི་ཚན་རྩལ་གསར་གཏོད་རང་བཞིན་གཙོ་གནད་མངོན་གསལ་དོད་པོ་བྱས་ཡོད། དཔྱད་འདེམས་ཁྱབ་ཁོངས་ནང་ཨར་ལས་བཟོ་སྐྲུན་དང་། ཟམ་པའི་ཨར་ལས། ལྕགས་ལམ་ཨར་ལས། གྲོང་ཁྱེར་འཛུགས་སྐྲུན་ཨར་ལས་སོགས་ཚུད་ཡོད་པ་རེད། བྱ་དགའ་རེ་ཞུ་བྱེད་པའི་ཨར་ལས་དེ་ལ་ངེས་པར་དུ་གསར་གཏོད་དང་འགག་སྒྲོལ་ཡོད་དགོས་པ་དང་། ངེས་པར་དུ་སྔོན་ཐོན་གྱི་ཚན་རིག་ལག་རྩལ་གྱི་གྲུབ་འབྲས་བེད་སྤྱོད་བྱས་ཡོད་པ་མངོན་གསལ་དོད་པོ་ཡོང་བ་བྱ་དགོས།
ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོའི་ཨར་ལས་བཟོ་སྐྲུན་གྱི་ཀྲན་ཐེན་ཡིའུ་ཡི་བྱ་དགའ་དེ1999ལོ་ནས་བཟུང་ཏེ། རང་རྒྱལ་གྱི་ཨར་ལས་བཟོ་སྐྲུན་ཁྱབ་ཁོངས་སུ་ཚན་རྩལ་གསར་གཏོད་ཀྱི་མཚན་སྙན་མཐོ་ཤོས་ཀྱི་བྱ་དགའ་ཞིག་ཡིན་ཞིང་། བྱ་དགའ་དེ་ལོ་རེར་ཐེངས་རེ་དཔྱད་འདེམས་བྱ་རྒྱུ་ཡིན་པ་དང་། དཔྱད་འདེམས་བྱེད་ཐེངས་རེར་བྱ་དགའ་ཐོབ་པའི་ཨར་ལས་སྤྱིར་ན30ཡས་མས་ཡོད་པ་རེད།