སྤྱི་ཟླ་1པོའི་ཚེས་28ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་ཁྲེན་ཏུའུ་གྲོང་ཁྱེར་གྱི་ཅིན་ཅང་ཚོམས་ཁང་ཆེན་མོའི་ནང་དུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཚོགས་འདུའི་གཙོ་སྐྱོང་གནང་ཞིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཝེ་ཧུང་གིས་སྲིད་གཞུང་གི་ལས་ཀའི་སྙན་ཞུ་ཕུལ། ཁོ་ཙུན་ཕིང་དང་། ལི་ཧྥུན་པིའོ། ཧྲོའུ་ཆིང་ཡིའུ་བཅས་ཚོགས་འདུར་ཞུགས་ཡོད། ཐེངས་འདིའི་གྲོས་ཚོགས་སུ་འཐུས་མི་842འབྱོར་ཡོད་པ་དེ་ཁྲིམས་བཀོད་མི་གྲངས་ཀྱི་ཆ་རྐྱེན་དང་འཚམས།
སྙན་ཞུའི་ནང་དུ། འདས་པའི་ལོ་གཅིག་གི་སྲིད་གཞུང་གི་ལས་ཀ་ཐམས་ཅད་ལ་ཕྱོགས་བསྡོམས་བྱས་ཤིང་། ལས་ཀའི་ཕྱོགས་སོ་སོར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། སྲིད་གཞུང་གིས་རང་ངོས་ཀྱི་འཛུགས་སྐྲུན་བྱ་བར་སྐུལ་སྤེལ་ཟབ་མོ་བྱས་ཏེ། གཟབ་ནན་གྱིས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་རྩ་འཛིན་གཞིར་བཟུང་ནས་ཁྲིམས་ལྟར་སྲིད་སྐྱོང་བ་རྒྱུན་འཁྱོངས་བྱ་དགོས་པ་དང་། ད་ལོའི་སྲིད་གཞུང་ལས་ཀའི་སྤྱི་ཁོག་གི་རེ་འདུན་ནི། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ཡིན་ཞེས་བསྟན། །