༄༅།། གནམ་གྲུ་འཕུར་སྐྱོད་བྱེད་སྐབས་བར་སྣང་ཁམས་ནས་གདོང་ཐུག་རྒྱག་པར་ཇི་ལྟར་གཡོལ་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 10-12



        གནམ་གྲུ་བར་སྣང་ཁམས་སུ་འཕུར་སྐྱོད་བྱེད་སྐབས་ཅི་དགར་འཕུར་ཆོག་པ་ཞིག་གཏན་ནས་མ་ཡིན་པར། སྔོན་ལ་དམིགས་འཛུགས་བྱས་པའི་མཁའ་ལམ་ལྟར་འཕུར་སྐྱོད་བྱེད་དགོས། ཡིན་ཡང་གནམ་གྲུའི་འཕུར་ཚད་ཧ་ཅང་མགྱོགས་པའི་དབང་གིས་བར་སྣང་ཁམས་སུ་གནམ་གྲུ་ཕན་ཚུན་གདོང་ཐུག་རྒྱག་པའི་སྐབས་ཀྱང་ཡོད།
        གནམ་གྲུ་བར་སྣང་ཁམས་སུ་ཕན་ཚུན་ལ་གདོང་ཐུག་རྒྱག་པར་གཡོལ་ཆེད། ཨ་མེ་རི་ཁའི་མ་ཧྲིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་གླིང་ལིན་ཁེན་ཚོད་ལྟ་ཁང་དང་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་ཅུས་གཉིས་ཀྱིས། མཉམ་འབྲེལ་སྒོས་གནམ་གྲུ་གདོང་ཐུག་རྒྱག་པ་འགོག་པའི་ཉེན་བརྡའི་མ་ལག་གསར་པ་ཞིག་ཞིབ་འཇུག་གསར་སྐྲུན་བྱས་ཡོད། ཉེན་འགོག་ཉེན་བརྡ་མ་ལག་གསར་པ་དེས་བར་སྣང་ཁམས་ནས་གནམ་གྲུ་གདོང་ཐུག་རྒྱག་པ་འགོག་ཐུབ་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཉེན་འགོག་ཉེན་བརྡ་མ་ལག་དེ་སྒྲིག་སྦྱོར་བྱས་རྗེས་གནམ་གྲུས་རྒྱུན་ཆད་མེད་པར་ཕྱོགས་བཞིར་འདྲི་རྩད་བརྡ་རྟགས་གཏོང་བ་དང་། བརྡ་རྟགས་དེ་དང་ལེ་ཏའི་གློག་རྒྱུན་འཕར་ཆག་དང་འདྲ་བོ་ཡོད་པས་བར་ཐག་སྟོང་སྨི40ཡི་མཚམས་སུ་གནམ་གྲུ་ཡོད་མེད་ཤེས་ཐུབ། སྟོང་སྨི40ཡི་མཚམས་ན་གནམ་གྲུ་གཞན་པ་ཡོད་ན། ཉེན་ཁའི་གློག་བརྡ་བརྒྱག་པར་མ་ཟད། ད་དུང་ཉེན་བརྡ་བཏང་ནས་འཕུར་སྐྱོད་མི་སྣར་ཉེན་ཁ་ཡོད་པའི་དྲན་སྐུལ་བྱེད་ཀྱིན་ཡོད། དུས་མཚུངས་སུ་འཆར་ཡོལ་ངོས་སུ་གནམ་གྲུ་གཞན་པ་དེའི་གནས་སྟངས་དང་བར་ཐག མཐོ་ཚད་བཅས་འཆར་ནས་གནམ་གྲུའི་ཁ་ལོ་བར་མར་འབབ་དགོས་པའམ་འཕུར་ཚད་ཇེ་མཐོར་གཏོང་དགོས་པ། ཡང་ན་སྔར་གྱི་མཁའ་ལམ་རྒྱུན་འཁྱོངས་བྱེད་དགོས་པ་སོགས་ཀྱི་མཛུབ་སྟོན་གནང་ནས་གནམ་གྲུ་གཞན་དང་གདོང་ཐུག་རྒྱག་པར་གཡོལ་བཞིན་ཡོད།
        སྔོན་ཐོན་གྱི་དཔྱད་ཆས་འདི་ལྟ་བུ་ཡོད་པས་བར་སྣང་ཁམས་ནས་གནམ་གྲུ་ཕན་ཚུན་གདོང་ཐུག་རྒྱག་ཚད་ཇེ་ཉུང་དུ་བཏང་ཡོད། །

《ལོ་ཆུང་གཞོན་ནུའི་ཤེས་བྱ་ཀུན་བཏུས》ལྟར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1