༄༅།།ཁྲིམས་ལུགས་ཤེས་བྱ།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 10-13


ས་བཅད་དང་པོ། སྤྱིར་བཏང་གི་གཏན་འཁེལ།

དོན་ཚན་བརྒྱ་དང་སོ་གསུམ་པ། 【དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་མཚན་ཉིད】དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ནི་དམངས་དོན་བྱེད་པོས་བསམ་ཚུལ་བརྒྱུད་དེ་དམངས་དོན་ཁྲིམས་འབྲེལ་བྱ་སྤྱོད་འཛུགས་པ་དང་བཟོ་བཅོས། མཚམས་འཇོག་བའི་བྱ་སྤྱོད་ལ་གོ་དགོས།

དོན་ཚན་བརྒྱ་དང་སོ་བཞི་པ། 【དམངས་དོན་བཅའ་ཁྲིམས་བྱ་སྤྱོད་གྲུབ་པ】དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དེ་ཕྱོགས་གཉིས་ཀའམ་ཡང་ན་ཕྱོགས་མང་པོའི་བསམ་ཚུལ་གཞིར་བཟུང་ནས་གཅིག་མཐུན་བྱུང་ནས་གྲུབ་ཆོག་ལ་ཕྱོགས་གཅིག་གི་ནང་དོན་གཞིར་བཟུང་ནས་གྲུབ་ཀྱང་ཆོགཁྲིམས་མིའམ་ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཀྱིས་བཅའ་ཁྲིམས་སམ་ཡང་ན་སྒྲིག་ཡིག་ནང་གཏན་ལ་ཕབ་པའི་གཞུང་དོན་གྲོས་མོལ་བྱེད་སྟངས་དང་བརྡས་ཐག་གཅོད་པའི་གོ་རིམ་ལྟར་གྲོས་ཆོད་བྱུང་ན་གྲོས་ཆོད་བྱ་སྤྱོད་གྲུབ་པ་ཡིན།དོན་ཚན་བརྒྱ་དང་སོ་ལྔ་པ། 【དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་རྣམ་པ】དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ནི་ཡིག་ཐོག་དང་ངག་ཐོག ཡང་ན་རྣམ་པ་གཞན་པས་སྤྱད་ཆོག་པ་དང་། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འཁེལ་སམ་ཡང་ན་དོ་བདག་བར་དམིགས་བསལ་གྱི་རྣམ་པ་སྤྱོད་པར་ཁ་ཆད་བྱས་ཡོད་ན་དམིགས་བསལ་གྱི་རྣམ་པ་ལྟར་སྤེལ་དགོས།དོན་ཚན་བརྒྱ་དང་སོ་དྲུག་པ། 【དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་ནུས་ཐོན་དུས་ཡུན】དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་གྲུབ་པའི་དུས་ནས་བཟུང་ནུས་པ་ཐོན་པ་ཡིན་མོད། འོན་ཀྱང་བཅའ་ཁྲིམས་ནང་གཏན་འཁེལ་གཞན་ཡོད་པའམ་དོ་བདག་བར་ཁ་ཆད་གཞན་བྱས་ཡོད་པ་ཕུད་དགོས།བྱ་སྤྱོད་སྤེལ་མཁན་གྱིས་བཅའ་ཁྲིམས་ཀྱི་གཏན་འཁེལ་མིན་པའམ་ལྟོས་བཅས་མིའི་འཐད་པ་མ་བྱུང་བར་རང་འདོད་སྒོས་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་བསྒྱུར་བའམ་རྩིས་མེད་དུ་བཏང་མི་ཆོག་པ་ཡིན། །


རྩོམ་ཡིག་སྔོན་མ།
百处藏寨展新貌

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1