ལི་ཐང་རྫོང་བོད་སྨན་ཁང་གིས་ཀྲུང་བོད་གསོ་རིག་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 10-14



    

ལི་ཐང་རྫོང་བོད་སྨན་ཁང་གིས་ཀྲུང་བོད་གསོ་རིག་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་བྱེད་སྒོ་སྤེལ།

    སྤྱི་ཟླ10པའི་ཚེས5ཉིན།ལི་ཐང་རྫོང་བོད་སྨན་ཁང་གིས་མེས་རྒྱལ་གྱི་དགུང་ལོ༧༢པའི་འཁྲུངས་སྐར་བསུས་བའི་དུས་བཟང་དང་བསྟུན་ནས་རྫོང་སློབ་འབྲིང་གི་ལོ་རིམ་བདུན་པའི་འཛིན་གྲྭ་གཉིས་ཀྱི་སློབ་མ་རྣམས་སྨན་ཁང་རང་གི་ཁོར་ཡུག་ཏུ་ལྟ་སྐོར་ཁྲིད་དེ་ན་གཞོན་རྣམས་ལ་ཆུང་དུས་ནས་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་བོད་རང་གི་གསོ་བ་རིག་པའི་སྐོར་ནས་རྒྱུས་ལོན་དང་ཤེས་རྟོགས་བྱུང་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

ལི་ཐང་རྫོང་བོད་སྨན་ཁང་གིས་ཀྲུང་བོད་གསོ་རིག་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་བྱེད་སྒོ་སྤེལ།

    བོད་སྨན་ཁང་གི་ཡོན་ཀྲང་བཀྲ་ཤིས་ཚེ་རིང་གིས་སློབ་མ་རྣམས་ལ་སྨན་ཁང་གི་ཁོར་ཡུག་དང་བོད་ཀྱི་གསོ་རིག་དང་བོད་སྨན་སྐོར་ནས་ངོ་སྤྲོད་དང་སྣེ་ཤན་བྱས་ཤིང་།སློབ་གྲོགས་ཚོས་སྔ་རྗེས་སུ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་སྐུ་བརྙན་ལ་མཇལ་སྐོར་བྱེད་ཞོར་དུ། བོད་ཀྱི་གསོ་བ་རིག་པའི་སྔོན་བྱོན་སྐྱེས་བུ་དམ་པ་ཚོའི་སྐུ་ཚེའི་བྱུང་བ་དང་རླབས་ཆེན་གྱི་མཛད་རྗེས་སོགས་ལ་རྒྱུས་ལོན་བྱས་པ་དང་། ཁབ་མེ་དང་གནུར་འདེད་སོགས་སྨན་བཅོས་ཡུལ་དངོས་དང་། གནའ་རབས་བོད་ལུགས་གསོ་རིག་གི་རྒྱུན་སྤྱོད་ཡོ་བྱད། བོད་ལུགས་གསོ་རིག་གི་སྨན་ལུམས་སོགས་ལ་ལྟ་སྐོར་དང་རྒྱུས་ལོན་བྱས་པ་རེད།

ལི་ཐང་རྫོང་བོད་སྨན་ཁང་གིས་ཀྲུང་བོད་གསོ་རིག་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་བྱེད་སྒོ་སྤེལ།

    ད་ལོར། ཀྲུང་གུང་སི་ཁྲོན་ཞིང་ཨུ་དྲིལ་བསྒྲགས་པུའུ་དང་སི་ཁྲོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱིས་ལི་ཐང་རྫོང་བོད་སྨན་ཁང་སོགས་སྡེ་ཁག་བཅོ་ལྔ་སི་ཁྲོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་རྫས་དང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་རིག་གནས་དྲིལ་བསྒྲགས་སློབ་གསོའི་རྟེན་གཞི་ཁག་གཉིས་པར་གཏན་འཁེལ་བྱས་པ་རེད། ཀྲུང་དབྱང་དང་ཞིང་ཆེན་ཨུ་ལྷན་གྱིས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་། ཀྲུང་བོད་གསོ་རིག་སྨན་རྫས་ཀྱི་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་བཅས་ལག་བསྟར་དོན་འཁྱོལ་བྱེད་ཆེད་དང་། ཀྲུང་བོད་གསོ་རིག་གི་རིག་གནས་དྲིལ་བསྒྲགས་སློབ་གསོའི་རྟེན་གཞིས་ཀྲུང་བོད་གསོ་རིག་གི་རིག་གནས་དར་སྤེལ་གཏོང་བའི་ཐད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད་དང་། ཀྲུང་བོད་གསོ་རིག་གི་རིག་གནས་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་གཉིས་མཉམ་གནས་ཡོང་བར་སྐུལ་སྤེལ་གཏོང་སླད་དང་། མི་དམངས་མང་ཚོགས་ཀྱི་ཀྲུང་བོད་གསོ་རིག་གི་ཐོབ་ཚོར་ཆེ་རུ་གཏོང་བ་སོགས་ཀྱི་ཆེད་དུ། ལི་ཐང་རྫོང་བོད་སྨན་ཁང་གི་ལས་བཟོ་ཡོངས་ཀྱིས་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་སྣ་ཚོགས་ཀྱི་ཀྲུང་བོད་གསོ་རིག་གི་རིག་གནས་དྲིལ་བསྒྲགས་ཀྱི་བྱེད་སྒོ་གང་མང་སྤེལ་བ་དང་། ཧུར་ཐག་གིས་ཀྲུང་བོད་གསོ་རིག་གི་བདེ་ཐང་ལུས་གསོའི་རིག་གནས་ཐོན་རྫས་གསར་སྤེལ་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱི་ཀྲུང་བོད་གསོ་རིག་གི་རིག་གནས་ཚན་རིག་ཁྱབ་གདལ་གྱི་དགོས་མཁོར་ཞབས་འདེགས་ཞུ་བཞིན་ཡོད་པ་རེད།

ལི་ཐང་རྫོང་བོད་སྨན་ཁང་གིས་ཀྲུང་བོད་གསོ་རིག་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་བྱེད་སྒོ་སྤེལ།

    ད་ཐེངས་ཀྱི་བྱེད་སྒོའི་ཁྲོད་དུ། སློབ་མ་ཚོས་གནའ་རབས་བོད་ལུགས་གསོ་རིག་གི་ལོ་རྒྱུས་རིག་གནས་དང་སྨན་བཅོས་ཡོ་བྱད་སོགས་ནས་རྒྱུས་ལོན་ཕྲན་བུ་བྱུང་ཡོད་པ་དང་།ཀྲུང་བོད་གསོ་རིག་གི་རིག་གནས་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་ནི་བྱིས་པ་ནས་དམ་འཛིན་བྱེད་དགོས་པ་ཞིག་ཡིན་ཏེ། སློབ་གྲྭ་ཆུང་འབྲིང་དུ་ཀྲུང་བོད་གསོ་རིག་གི་རིག་གནས་སློབ་གསོ་རྒྱུན་མཐུད་ངང་དར་སྤེལ་གཏོང་བ་དང་། ན་ཆུང་བྱིས་པ་ཚོའི་སེམས་སུ་ཀྲུང་བོད་གསོ་རིག་གི་རིག་གནས་ཀྱི་རྩ་བ་ཚུགས་ཤིང་མྱུ་གུ་འབུས་པ་བྱས་ཤིང་། སློབ་གྲོགས་ཚོས་ཀྲུང་བོད་གསོ་རིག་གི་རིག་གནས་ཤེས་རྟོགས་བྱས་ནས་འཚོ་བའི་གོམས་གཤིས་བཟང་པོ་ཆགས་པར་བྱེད་པ་དང་། མི་རིགས་ཀྱི་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ། ཀྲུང་བོད་གསོ་རིག་གི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་བཅས་ཀྱི་འགན་འཁྲི་དང་དུ་བླངས་ནས་ཀྲུང་བོད་གསོ་རིག་གི་རིག་གནས་འདི་ཉིད་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་པའི་ཐད་ནས་གོ་རྟོགས་ཐེབས་སུ་འཇུག་ཐུབ་པར་བྱེད་དགོས་སོ།།

ལི་ཐང་རྫོང་བོད་སྨན་ཁང་གིས་ཀྲུང་བོད་གསོ་རིག་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་བྱེད་སྒོ་སྤེལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1