ཀན་སུའུ་ཐེ་བོ་རྫོང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུན་ནན་ཁུན་མིང་ནས་འོང་བའི་མི་20ཡིས་གྲུབ་པའི་ཡུལ་སྐོར་ཚོགས་པ་ཞིག་ལན་གྲུ་རུ་ཡུལ་སྐོར་ཕྱིན། ཚོགས་པ་དེའི་ནང་གི་མི་6ནད་འགོས་ཡོད་པ་གཏན་འཁེལ་བྱུང་བའི་ཀྲང་ཆེ་གེ་མོ་དང་ལྷན་དུ་སྤྱི་ཟླ་10པའི་ཚེས་15ཉིན་མེ་འཁོར་ཐེངས་D2746པའི་འཁོར་སྒམ་6པའི་ནང་བསྡད་ཅིང་། དེ་ལས་མི་4ཡི་ཉིང་སྐྱུར་དཔྱད་འབྲས་གདགས་གཤིས་ཡིན་པ་དང་། གདགས་གཤིས་ཅན་གྱི་མི་4པོ་སྤྱི་ཟླ་10པའི་ཚེས་17ཉིན་སི་ཁྲོན་མཛོད་དགེ་མེ་ཏོག་མཚོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་སོང་མྱོང་བ་རེད།