དཀར་མཛེས་ཁུལ་གྱི་བླ་སྤྲུལ་ཚོས་མཁས་པའི་བགྲོ་གླེང་འཚོགས།

དཀོན་རྡོར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-26


        ཟླ་བ་10པའི་ཚེས་22ནས་23ཉིན་བར། དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་སྐབས་བརྒྱད་པའི་རྒྱུན་ལས་ལས་འཛིན་གྲོས་ཚོགས་ཐེངས་དྲུག་པ་དང་ཐེངས་བཅུ་གསུམ་པའི་༼དེང་རབས་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་༽མཁས་པའི་བགྲོ་གླེང་ཚོགས་འདུ་དེ་ལྕགས་ཟམ་རྫོང་དུ་འཚོགས།
        ཚེས་22ཉིན་གྱི་སྔ་དྲོར། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཚོགས་ཞུགས་ཀྱི་བླ་སྤྲུལ་རྣམ་པ་གཟིགས་སར་ཕེབས་ནས་གསུང་བཤད་གནང་བ་དང་མཉམ་དུ་འདྲ་པར་བླངས།
        ཚོགས་འདུའི་ཐོག་དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རྒྱལ་བསྟན་བློ་བཟང་བྱམས་པས་གསུང་བཤད་གནང་བ་དང་། དེ་རྗེས་མི་རིགས་ཆོས་ལུགས་ཨུ་ལྷན་གྱི་རིམ་པ་དང་པོའི་རྟོག་ཞིབ་པ་ཡན་ཁེ་ཡོན། ཞིང་ཆེན་འཐབ་ཕྱོཊ་གཅིག་གྱུར་པུའུ་ཡི་རིམ་པ་གཉིས་པའི་སྐོར་གཟིགས་པ་ཧང་ཡོང་མིང་། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལན་ཀན་བཅས་ཀྱིས་གསུང་བཤད་གནང་། མཇུག་མཐར་དཀར་མཛེས་ཁུལ་ཨུ་འཐབ་ཕྱོཊ་གཅིགགྱུར་པུའུ་ཡི་པུའུ་ཀྲང་སངས་དགས་ཁུལ་ཡོངས་ཀྱི་བླ་སྤྲུལ་ཡོངས་ཀྱིས་དེང་རབས་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་མཐུན་པའི་ལས་དོན་སྐོར་དང་། ཆོས་ལུགས་མི་སྣ་ཏང་ལ་བློ་དཀར་ཞིང་རྒྱལ་ཁབ་ལ་དགའ་ཞེན་ཡོད་པའི་དེང་རབས་ཀྱི་འདུ་ཁྲིམས་སྲུང་བའི་བླ་གྲྭ་ཚད་ལྡན་བྱ་དགོས་པའི་སྐོར་གྱི་གསུང་བཤད་གལ་ཆེན་གནང་བ་དང་། རྡོ་རྗེ་བཀྲ་ཤིས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་།

        ད་དུང་ཚོགས་ཐོག་ཏུ་དེང་རབས་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ཕྱག་རྩོམ་དཔྱད་འདེམས་ཀྱི་བྱ་དགའ་ཐོབ་མཁན་ལ་བྱ་དགའི་དཔང་ཡིག་སྤྲད་པ་དང་། བོད་བརྒྱུད་ནང་བསྟན་དགོན་སྡེའི་དཔེ་ཁྲིད་དགེ་རྒན་ཁག་ཅིག་ལ་ཐོབ་ཐང་གི་དཔང་ཡིག་ཁག་ཅིག་སྤྲད།


        ཕྱི་དྲོར། ཚོགས་ཞུགས་མི་སྣ་ཚང་མ་ལྕགས་ཟམ་ཁའི་གསར་བརྗེའི་དྲན་གསོ་ཁང་དུ་ལྟ་སྐོར་གནང་བར་ཕེབས།

        སྤྱི་ཚེས་༢༢ཉིན་དེང་རབས་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ལྟེ་བའི་རིན་ཐང་ལྟ་བའི་བགྲོ་གླེང་ཚོགས་འདུ་ཐེངས་བཅུ་གསུམ་པ་འཚོགས་ནས་དཀོན་མཆོག་ཐོས་བསམ་དང་སྐལ་བཟང་བསྟན་འཛིན། ཉི་མ་བསྟན་འཛིན། བློ་བཟང་འཇམ་དབྱངས། ཆོས་ཀྱི་གྲགས་པ། ཚེ་རིང་རྡོ་རྗེ། བཀྲ་ཤིས་དོན་འགྲུབ། འཇམ་དབྱངས་བྱམས་པ། ཐུབ་བསྟན་འོད་ཟེར། བློ་བཟང་རྒྱལ་མཚན། བློ་བཟང་ཆོས་འཕེལ། དབང་ཆེན་རྣམ་རྒྱལ་སོགས་ཀྱིས་ཉམས་མྱོང་བརྗེ་རེས་གནང་།


        གྲུབ་མཐའ་སོ་སོའི་འཐུས་ཚབ་མི་ཉག་ཆོས་ཀྱི་རྒྱལ་མཚན་དང་། ཚེ་རིང་འགྱུར་མེད། དངོས་འགའ། ཕྱྭ་གཡང་། སྐལ་ལྡན། རིག་འཛིན་བཅས་དང་། ཆེད་གདན་མཁས་པའི་འཐུས་ཚབ་འགྱུར་མེད་ཚེ་དབང་གིས་གསུང་བཤད་གནང་། བགྲོ་གླེང་ཚོགས་འདུ་དེ་བཞག་པ་འཇམ་དབྱངས་མཁས་གྲུབ་དང་ཚེ་དབང་འཇིགས་མེད་ཀྱིས་གཙོ་སྐྱོང་གནང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1