ལྷོ་ཨ་ཧྥེ་རི་ཁའི་ཁའེ་ཕུའུ་ཏུན་དུ་ཀྲུང་ལུགས་གསོ་རིག་གི་གསོ་སྦྱོང་འཛིན་གྲྭ་གཉེར་བ།
རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-29
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁའེ་ཕུའུ་ཏུན་ནས་ཟླ་10ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན་དུས་ཡུན་ཉིན་4ཡི“ལྷོ་ཨ་ཧྥེ་རི་ཁའི་ཨ་ཧྥེ་རི་ཁའི་སྲོལ་རྒྱུན་གྱི་སྨན་པའི་ཀྲུང་ལུགས་གསོ་རིག་གི་གསོ་སྦྱོང་འཛིན་གྲྭ”ལྷོ་ཨ་ཧྥེ་རི་ཁའི་ཁའེ་ཕུའུ་ཏུན་དུ་གཉེར་འགོ་ཚུགས་ཤིང་། དེའི་དམིགས་ཡུལ་ནི་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་སྲོལ་རྒྱུན་གསོ་རིག་སྤེལ་རེས་དང་གསར་གཏོད་ལ་སྐུལ་འདེད་གཏོང་ཆེད་རེད།
གསོ་སྦྱོང་འཛིན་གྲྭ་དེ་ལྷོ་ཨ་ཧྥེ་རི་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་། ཀྲུང་གོ་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས། ལྷོ་ཨ་ཧྥེ་རི་ཁའི་ཁའེ་ཕུའུ་ནུབ་མའི་སློབ་ཆེན་བཅས་ཀྱིས་མཉམ་དུ་གཉེར་བ་ཞིག་དང་། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་གསོ་སྦྱོང་བྱེད་སྟངས་སྤྱད་ཡོད། ལྷོ་ཨ་ཧྥེ་རི་ཁའི་ཞིང་ཆེན་ཁག་གི་སྲོལ་རྒྱུན་གྱི་སྨན་པས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་སྲོལ་རྒྱུན་གྱི་སྨན་པའི་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་གནས་ཚུལ་ཤེས་རྟོགས་བྱ་རྒྱུ་དང་། ཀྲུང་ལུགས་གསོ་རིག་སྨན་པའི་སློབ་གསོ་གསོ་སྦྱོང་དང་དོ་དམ་སོགས་ཀྱི་ནང་དོན་སློབ་སྦྱོང་བྱ་རྒྱུ་མ་ཟད། ད་དུང་ཀྲུང་ལུགས་གསོ་རིག་གི་སྒོ་བསྟེན་སྨན་བཅོས་དང་ཁའེ་ཕུའུ་ནུབ་མའི་སློབ་ཆེན་གྱི་ཀྲུང་ལུགས་གསོ་རིག་གི་གསོ་སྦྱོང་སྒྲིག་ཆས་ལ་ལྟ་སྐོར་ཡང་བྱ་རྒྱུ་རེད།