སྟོན་དུས་སུ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་པོ་ཏ་མཚོའི་མཛེས་ལྗོངས་ཧ་ཅང་ལྟ་ན་སྡུག པོ་ཏ་མཚོའི་མཛེས་ལྗོངས་ཁུལ་ནི་ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་གི“གཙང་གསུམ་མཉམ་རྒྱུག”གི་འཛམ་གླིང་རང་བྱུང་ཤུལ་བཞག་ལྟེ་གནས་རྒྱུད་དུ་ཡོད་པ་དང་མཚེའུ་དང་འདམ་ར་དང་། ནགས་ཚལ་དང་སྤང་ཐང་། ལུང་གཞུང་གི་ཆུ་ཕྲན། རྩ་ཆེའི་སྲོག་ཆགས་དང་རྩྭ་རྩི་ཤིང་སོགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། ས་གནས་དེ་གའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ནོར་མཛོད་དང་སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད།