ཤར་རྒྱལ་མོ་རོང་གི་གནས་ཆེན་དམུ་རྡོ།
ཀརྨ་རྒྱལ་མཚན་ནས་བསྒྲིགས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-04
།དེའང་གནས་རི་ཞེས་པ་ནི་ས་གནས་དེའི་ལོ་རྒྱུས་མཚོན་རྟགས་ཡིན་ཏེ། དེས་བོད་མི་རིགས་ཀྱི་ལོ་རྒྱུས་བརྒྱུད་རིམ་དུ་སྐྱེ་དངོས་སྣ་མང་ལ་སྲུང་སྐྱོང་བྱེད་པའི་ཐུན་མིན་གྱི་བསམ་པའི་འདུ་ཤེས་མཚོན་ཡོད་ལ། ཕ་ཚེ་བུ་རིང་གིས་འཚོ་བའི་ཁྲོད་དུ་གསོག་སྲུང་བྱས་པའི་སྤྱད་ན་ཟད་མཐའ་མེད་པ་དང་བླངས་ན་རྫོགས་མཐའ་མེད་པའི་ཐོན་ཁུངས་ཕུན་སུམ་ཚོགས་པ་བསྐྲུན་པ་སྟེ། རི་ལྗོངས་དྭངས་གཙང་དང་གནམ་སྔོན་སྤྲིན་དཀར་གི་དགའ་བའི་དཔལ་ལ་ལོངས་སུ་སྤྱད་ནས་བདེ་སྐྱིད་རྫོགས་ལྡན་གྱི་འཚོ་བ་རོལ་བའི་བསྐལ་བ་ལྡན་ཞིང་། སྐྱེ་དངོས་གྱི་དཔལ་ཡོན་དང་། སྔོ་ལྗོངས་འཕེལ་རྒྱས་བཅས་ཀྱི་ཁོར་ཡུག་འཚོ་བའི་ཁྲོད་དུ་ཉིན་རེ་ལས་ཉིན་རེ་མཐོང་ཆེན་བྱེད་བཞིན་པའི་ཐུན་མོང་གི་བསམ་པའི་འདུ་ཤེས་སུ་འགྱུར་བཞིན་པའོ། །ཆེན་རྒྱལ་མོ་རྨུ་རྡོའང་དེ་ལས་མ་འདས་པ་སྟེ་རི་བོ་དེའི་ཆགས་ཚུལ་ནི། ཕྱི་ལྟར་ཡིད་བཞིན་ནོར་བུ་རིན་པོ་ཆེ། །དར་གྱིས་ཡོལ་བའི་ནང་དུ་སྦས་པ་འདྲ། །ཕ་རོལ་གདུག་པའི་གནོད་པས་མི་ཚུགས་སོ། །་ལྟར་དཀྱིལ་འཁོར་ལིང་རྩེའི་བྱ་མ་རུ། །མཐིང་་བུམ་པ་གདན་ལ་བཀོད་པ་འདྲ། །ངོ་མཚར་གནས་ཆེན་བྱིན་རླབས་འབྱུང་བའོ། །གསང་ལྟར་གདུགས་ཀྱི་རྩིབས་ཤིང་ལྟ་བུར་གནས། །རི་བོ་དྲུག་ཅུ་ཞིང་ཁམས་ཆགས་པའོ། །ཕྱི་ནང་གསང་གསུམ་གནས་ཀྱི་ཆགས་ཚུལ་ནི། །རྩེ་མོར་གནས་ཆེན་བཞི་ལ་ལས་བཞི་དབྱིབས། །ཡན་ལག་གནས་ཆེན་བརྒྱ་དང་ཡན་ལག་བཅུ། །དེ་ཡང་གཙོ་བོ་གཡུ་སྒྲ་ཕུག་རྩེ་ནི། །རི་བོ་ཆུ་བཞི་འདུས་པའི་ལ་ཕུག་ཏུ། །རྩ་བ་ཆུ་བྲག་ལྕགས་སྒྲོག་དཔྱངས་འདྲ་ལས། །གྲོང་དང་གྲོང་ཁྱེར་གྲོང་བརྡལ་བསམ་མི་ཁྱབ། །ཟ་འོག་དར་གྱི་ཁ་ཕྱེ་བཞིན་དུ་ཡོད། །རྐེད་པ་བྲག་དང་ནགས་རི་སྦྲག་མ་ནི། །སྣ་ཚོགས་དར་གྱིས་འཕུར་མ་འཚུབ་པ་ལས། །གནས་ཆེན་བཞི་ཡི་ཕོ་བྲང་ཆགས་པ་ཡིན། །རྩེ་མོ་གངས་བྲག་ནོར་བུ་སྤུངས་འདྲ་ལས། །སྣ་ཚོགས་གཡུང་དྲུང་རྡོ་རྗེ་འདྲ་བའི་བྲག །རི་མཆོག་རི་བོ་དྲུག་ཅུའི་ལས་མངོན་འཕགས། །རི་བོ་དེ་ཡི་ཕྱོགས་བཞི་མཚམས་བརྒྱད་ལ། །ཆུ་བོ་བརྒྱད་ནི་གདུགས་ཀྱི་རྩིབས་ཤིང་ལྟར། །ཆུ་སྣ་ཐམསཅད་རི་བོ་དེ་ལ་འདུས། །ལུང་པ་བརྒྱད་ནི་པདྨ་ཁ་ཕྱེ་འདྲ། །ཆུ་བོ་བརྒྱད་ནི་པདྨའི་ཡུ་བ་འདྲ། །དབུས་སུ་དམུ་རྡོ་གཡུ་སྒྲ་སྤུངས་རྩེ་ནི། །རིན་ཆེན་ཡིད་བཞིན་ནོར་བུ་སྤུངས་པ་། །རྩེ་མོ་རི་བོ་བང་རིམ་བཅུ་གསུམ་སྟེ། །ཡི་དམ་མཁའ་དབྱིངས་དཀར་པོ་རང་བཞིན་གསལ། །རི་བོ་དེ་ལས་ཡེ་ཤེས་ལྷ་ཚོགས་ཚང་། །རྩེ་མོ་ཕྱོགས་བཞི་རྡོ་བ་རིགས་རྟགས་གཟུགས། །ཤར་ཕྱོགས་སངས་རྒྱས་བྱང་ཕྱོགས་ཚེ་དབང་དང་། །ནུབ་ཕྱོགས་ཨོ་རྒྱན་ལྷོ་ཕྱོགས་འོད་ལྡན་མེ། །མི་འགྱུར་བཀའ་རྟགས་ཞབས་་རེ་རེ་ཡོད། །རྔ་གཤང་འདྲ་བའི་འོག་ལ་གོང་གཏེགས་ཡོད། །ཀུན་བཟང་ཤེལ་སྐུ་སངས་རྒྱས་མཛུབ་གང་ཡོད། །བཻ་རོ་ཙ་ནའི་ཕྱག་རྗེས་ཞབས་རྗེས་ཡོད། །རི་བོ་དེ་ཡི་ཕྱོགས་བཞིར་གསང་མཚོ་བཞི། །ཤར་ཕྱོགས་ཡུམ་ཆེན་མཁའ་འགྲོའི་བླ་མཚོ་ནི། །མཐིང་མདངས་འོད་འབར་པདྨ་ལྟ་བུ་གནས། །དེ་ནི་ཞི་བའི་ཚོགས་ཆུ་ངོ་མཚར་བའི། །པདྨ་མཁའ་འགྲོའི་ཚོགས་ཀྱིས་རྟག་ཏུ་སྲུང་། །དེ་ཡི་ཕྱོགས་བཞི་ཆུ་གནས་འདྲ་བའི་རྡོ། །རིག་འཛིན་སྟོང་རྒྱུངས་མཐུ་ཆེན་ཞབས་རྗེས་གཅིག །མཁའ་འགྲོ་སྡེ་ལྔའི་ཞབས་རྗེས་རེ་རེ་ཡོད། །མི་འགྱུར་ཚོགས་པ་དུང་དཀར་རང་ཤར་ཡོད། །དང་དབང་གི་དོན་རྣམས་འགྲུབ། །ཅེས་པ་ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བཏབ་པའི་རྒྱལ་མོ་རོང་གི་གནས་ཆེན་དམུ་རྡོ་ཞེས་པའི་དེབ་ལས་བཤུས་པ་ཡིན་ཞིང་རྒྱས་པ་གོང་ཞུས་ཀྱི་དེབ་ལས་ཤེས་པར་གྱིས།དེ་ལྟར་རྒྱལ་མོ་རོང་གི་གནས་ཆེན་དམུ་རྡོ་མཚོའི་གོང་གླེགས་བམ་འདྲ་བའི་རྩ་བ་ལ། །ཞི་བ་ཀུན་བཟང་ཐུགས་ཀྱི་སྔགས་བསྐོར་ཡོད། །པདྨ་མཁའ་འགྲོ་དཀར་མོ་སྡེ་ལྔ་ཡོད། །གནས་དེར་ཕྱིན་དང་ཕྱག་སྐོར་མཆོད་བརྗོད་དང་། །ཁྲུས་གསོལ་འཐུང་ནས་ཚེ་རབས་སྡིག་སྒྲིབ་དག །ཞི་བའི་འཕྲིན་ལས་མ་ལུས་ཀུན་ཏུ་འགྲུབ། །བྱང་ཕྱོགས་རྒྱལ་མཚན་འདྲ་བའི་རི་བོའི་ཞོལ། །མ་མཆོག་བླ་མཚོ་ལྗང་ནག་མུ་ལྡན་ལ། །གྲུབ་པའི་ཟུར་གསུམ་རྣམ་པ་འཁོར་འཁྱིལ་ཡོད། །རི་ནི་ལྷ་ཐོད་ཐོག་པ་རང་བཞིན་གསལ། །ཁྲོ་བོ་གསས་ཆེན་རིགས་ལྔ་རང་བྱོན་ཡོད། །མདུན་ན་རྡོ་བ་གཡང་དྭགས་འདྲ་བ་བརྒྱད། །དུས་གསུམ་སྟོན་པའི་ཞབས་རྗེསརིམ་པ་གསལ། །སྔར་འདས་སྟོན་པའི་ཞབས་རྗེས་གཞུ་འདོམ་གང་། །ད་ལྟའི་སྟོན་པའི་ཞབས་རྗེས་གཞུ་འདོམ་ཕྱེད། །མ་འབྱོན་སྟོན་པའི་ཞབས་རྗེས་ཁྲུ་གང་ཡོད། །སྲིད་རྒྱལ་དྲེའུ་གོམ་པའི་དྲེལ་རྗེས་དང་། །རྒྱ་བོད་ཟིང་པ་མཐུ་ཆེན་ཞབས་རྗེས་གཉིས། །བཻ་རོ་ཙ་ནའི་དབུ་རྗེས་ལ་སོགས་ཡོད། །ཁྲོ་བོ་རོལ་པའི་གསང་བའི་སྔགས་སྐོར་དང་། །གོ་མཚོན་གསེར་གཡུ་རིན་ཆེན་གཏེར་ཁ་ཡོད། །གནས་དེར་ཕྱིན་དང་རྒྱས་པའི་ལས་ཀུན་འགྲུབ། །ནུབ་ཕྱོགས་སེང་གེ་མ་བུ་རྩེ་འདྲ་ལ། །ཀུན་སྣང་ཁྱབ་པའི་ལྷ་ཚོགས་རང་བྱུང་ཡོད། །ལས་ཀྱི་མཁའ་འགྲོ་ཚོགས་རྣམས་རྟག་ཏུ་གནས། །རིག་འཛིན་ཆེན་པོའི་སྒྲུབ་པའི་ཀེའུ་ཚང་ཡོད། །བརྒྱ་དང་རྩ་བརྒྱད་མཁའ་འགྲོ་རང་བྱུང་ཡོད། །རིན་ཆེན་འབྲུ་སྣ་མང་པོའི་གཏེར་ཁ་ཡོད། །དྲན་པ་ནམ་མཁའ་ཡབ་ཡུམ་ཞབས་རྗེསཡོད། །ནོར་བུ་ཡིད་ལ་འགྲུབ་པའི་གཏེར་ཁ་ཡོད། །རི་བྲག་མཎྜལ་འདྲ་བའི་ཡང་གོང་ན། །ཚོགས་བདག་མཁའ་འགྲོ་ཚོགས་ཀྱི་བླ་མཚོ་ལ། །པདྨ་མཁའ་འགྲོ་ལྔ་ཡི་ཞབས་རྗེས་ཡོད། །ནོར་བུ་ཡིད་ལ་འགྲུབ་པའི་གཏེར་ཁ་ཡོད། །གནས་དེར་ཕྱིནདང་དབང་གི་དོན་རྣམས་འགྲུབ། །ཅེས་པ་ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བཏབ་པའི་རྒྱལ་མོ་རོང་གི་གནས་ཆེན་དམུ་རྡོ་ཞེས་པའི་དེབ་ལས་བཤུས་པ་ཡིན་ཞིང་རྒྱས་པ་གོང་ཞུས་ཀྱི་དེབ་ལས་ཤེས་པར་གྱིས།དེ་ལྟར་རྒྱལ་མོ་རོང་གི་གནས་ཆེན་དམུ་རྡོ་ནི། དེང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རོང་བྲག་རྫོང་དཔའ་དབང་ཤང་གི་ཤར་ཕྱོགས་སུ་རྒྱུ་སྐར་དབུས་སུ་ཟླ་བ་ལྷང་ངེར་གསལ་བ་བཞིན་ཆགས་ཡོད། དེང་རོང་བྲག་རྫོང་གི་ཡུལ་སྐོར་སྤྲོ་གསེང་གི་ཆེས་མཛེས་པའི་ཡུལ་ལྗོངས་ཡིན་ལ་བན་བོན་གཉིས་ཀའི་གནས་རི་ཆེན་པོའང་ཡིན་ཏེ། དཀར་མཛེས་དང་རྔ་པ་བཅས་རོང་སྐྱོང་ཁུལ་གཉིས་ཀྱི་བོད་རིགས་གཙོས་པའི་མི་རིགས་ཁག་གིས་མི་དམངས་ཚོ་གནས་སྐོར་ཕེབས་བཞིན་པའོ། །ཁོ་བོའང་སྤྱི་ལོ་2019ལོའི་ཟླ་10པའི་ནང་གནས་སྐོར་དངོས་སུ་བསྐྱོད་ནས་གནས་ནང་གི་མཐོང་ཐོས་གནས་ཡིག་དང་བསྟུན་ཏེ་ཕྱོགས་ཙམ་བཀོད་པའོ། །ཚིག་འགྲེལ། རོང་ཆེན་བཞི་ནི། ཤར་རྒྱལ་མོ་རོང་དང་། ལྷོ་ཚ་བ་རོང་། ནུབ་ཀོང་པོ་རོང་། བྱང་ཨ་སྟ་རོང་། རོང་ཆུང་བཞི་ནི། ཉག་རོང་། རྔོད་ཨ་ལ་རོང་། དགུ་རོང་། སྡེ་རོང་བཅས་ལ་རོང་བརྒྱད་ཟེར།