དམག་སྤྱོད་སྐྱེལ་འདྲེན་གནམ་གྲུ་ལ་སྐྱེལ་འདྲེན་གྱི་ནུས་པ་ལྟར་དབྱེ་ན། འཐབ་ཇུས་སྐྱེལ་འདྲེན་གནམ་གྲུ་དང་འཐབ་རྩལ་སྐྱེལ་འདྲེན་གནམ་གྲུ་རིགས་གཉིས་ཡོད་དེ། འཐབ་ཇུས་སྐྱེལ་འདྲེན་གནམ་གྲུ་ལ་མཁའ་འགྲུལ་ལམ་ཐག་རིང་བ་དང་ལྗིད་ཐེགགྲངས་ཚད་ཆེ་བ། གཙོ་བོ་དམག་དཔུང་དང་དེ་ལས་གཞན་པའི་དྲག་ཆས་སྣ་ཚོགས་སྐྱེལ་འདྲེན་བྱེད་པ་ཡིན། འཐབ་རྩལ་གནམ་གྲུ་ནི་གཡུལ་འཁྲུག་འཐབ་རྩལ་ཁྱབ་ཁོངས་ནང་དུ་མཁའ་འགྲུལ་འོས་འགན་ལག་བསྟར་བྱེད་པ་ཡིན་ལ། དེ་ལ་བར་ཐག་ཐུང་བའི་ནང་དུ་ཡར་འཕུར་བ་དང་མར་འབབ་པའི་ནུས་པ་ཡོད།འདྲེན་-20ནི་(ཀྲུང་གོའ ི་ཨང་གྲངས། Y-20 ཚབ་རྟགས། ཁྱུང་ཆེན། དབྱིན་ཡིག །Xian Y-20)ཀྲུང་གོས་ཞིབ་འཇུག་བཟོ་སྐྲུན་བཟོས་པའི་རིམ་པ་གསར་པའི་དམག་སྤྱོད་སྐྱེལ་འདྲེན་གནམ་གྲུ་ཆེ་གྲས་ཤིག་རེད་ལ། སྤྱི་ལོ་2013ལོའི་ཟླ་1པོའི་26ཉིན་ཐེངས་དང་པོའི་འཕུར་སྐྱོད་ལེགས་གྲུབ་བྱུང་།གནམ་གྲུ་འདི་ནི་སྤྱོད་སྒོ་མང་བའི་སྐྱེལ་འདྲེན་གནམ་གྲུ་ཆེ་གྲས་ཤིག་ཡིན་པའི་ཆ་ནས། གནམ་གཤིས་རྙོག་འཛིང་ཆེ་བའི་ཆ་རྐྱེན་འོག །ས་ཐག་རིང་པོ་རུ་མི་དང་དངོས་ཟོག་འདྲ་མིན་མཁའ་སྐྱོད་སྐྱེལ་འདྲེན་བྱེད་པའི་ལས་འགན་བསྒྲུབ་ཐུབ་ཅིང་། ཀྲུང་གོའི་མཁའ་དམག་གིས་ད་ལྟ་སྤྱོད་བཞིན་པའི་དབྱི་ཨེར་-76དང་བསྡུར་ན། འདྲེན་-20པའི་སྒུལ་བྱེད་འཕྲུལ་འཁོར་དང་གློག་རྡུལ་སྒྲིག་ཆས་ཇེ་ལེགས་ཆེན་པོ་བཏང་ཡོད་པ་དང་། ཐེག་ཚད་ཐད་ལའང་ཇེ་མཐོ་ངེས་ཅན་བཏང་ཡོད་ཅིང་། རྒྱུག་ལམ་ཐུང་བའི་ཡར་འཕུར་མར་བབ་ཀྱི་ནུས་པ་ཤིན་ཏུ་ལེགས།འདྲེན་-20གནམ་གྲུ་ཞིབ་འཇུག་གསར་སྤེལ་ཐད་ཨུ་རུ་སུའི་དབྱི་ཨེར་-76ཡི་རླུང་འགུལ་ཕྱི་དབྱིབས་དང་གྲུབ་ཚུལ་ཇུས་འགོད་དཔྱད་གཞི་བྱས་པ་མ་ཟད། ཨ་རིའི་C-17གྱི་ཁྱད་ཆོས་ཁག་ཅིག་བསྡུ་ལེན་བྱས་ཡོད། འདྲེན་-20ལ་རྒྱུན་གཏན་བཀོད་སྒྲིག་སྤྱོད་ཡོད་པ་དང་། དཔྱང་དཔུང་རྣམ་པའི་གཤོག་ཅིག་ཐོག་མ་དང་། གོང་འོག་ཏུ་གཤོག་པ་གཉིས་རེ་དང་གཤོག་རྩེའི་ཐོག་ཏུ་གཤོག་ཆུང་མེད་ཅིང་། སྲིང་བའི་རང་བཞིན་དང་གཞི་བརྟེན་རང་བཞིན། དེ་མིན་བདེ་འཇགས་རང་བཞིན་བཅས་ཤིན་ཏུ་མཐོ། གནམ་གྲས་ཤིག་ཡིན་པའི་ཆ་ནས། གནམ་གཤིས་རྙོག་འཛིང་ཆེ་བའི་ཆ་རྐྱེན་འོག །ས་ཐག་རིང་པོ་རུ་མི་དང་དངོས་ཟོག་འདྲ་མིན་མཁའ་སྐྱོད་སྐྱེལ་འདྲེན་བྱེད་པའི་ལས་འགན་བསྒྲུབ་ཐུབ།2017ལོའི་ཟླ་11པའི་ཚེས་10ཉིན། མཁའ་དམག་མགྲིན་ཚབ་པས། ཅན་-20དང་འདྲེན་-20དམག་གི་སྒྲིག་ཆས་ནང་འཇོག་ཟིན་རྗེས། རུ་སྒྲིག་ནས་སྦྱོང་བརྡར་བྱེད་བཞིན་ཡོད་པར་བཏོན།ཀྲུང་གོའི་རྒྱལ་སྤྱིའི་མཁའ་སྐྱོད་འཇིག་རྟེན་འཕུར་སྐྱོད་དངོས་མང་འགྲེམ་སྟོན་སྐབས་ཉི་ཤུ་པའི་ཐོག །ཕྱི་ཕྱོགས་པས་དོ་སྣང་ཆེན་པོ་བྱེད་བཞིན་པའི་འདྲེན་-20སྐྱེལ་འདྲེན་འཕྲུལ་ཆས་ཐེངས་གསུམ་པ་འགྲེམ་སྟོན་བྱས་པ་དང་། “S”རྣམ་པའི་འཕྲུལ་སྒུལ་དང་མྱུར་དུ་ཡར་བཅགས་ནས་ཁ་ཕྱོགས་བསྒྱུར་བ། མཁའ་ལམ་ཆུང་བ་ནས་མགྱོགས་མྱུར་སྒོས་ས་ལ་འབབ་པ་སོགས་ཀྱི་འཕུར་སྐྱོད་ནང་དོན་འགྲེམ་སྟོན་བྱས།འདྲེན་-20ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་རྒོལ་ལ་ཞུགས། སྤྱི་ལོ་2020ལོའི་ཟླ་2པའི་ཚེས་13ཉིན་གྱི་ཆུ་ཚོད་8དང་སྐར་མ་58ཐོག །འདྲེན་-20གནམ་གྲུ་ཨང་དང་པོ་དེ་བརྟན་ཞིང་བརླིང་བའི་ངང་བབས་ཤིང་། དལ་དལ་ལྷོད་ལྷོད་ངང་གནམ་གྲུ་འདུག་སའི་ཕྱོགས་སུ་བཞུད། དེའི་རྗེས། བསྟུད་མར་འདྲེན་-20གནམ་གྲུ་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་ཝུའུ་ཧན་ཐེན་ཧོ་གནམ་ཐང་དུ་བབས། ཏོག་གསར་གློ་ཚད་ཀྱི་རིམས་ནད་འཛམ་གླིང་ལ་ཁྱབ་པའི་སྐབས་སུ། འདྲེན་-20ཡིས་སྨན་རྫས་དང་འཚོ་བའི་དགོས་མཁོ་སོགས་དངོས་ཟོག་འབོར་ཆེན་སྐྱེལ་འདྲེན་བྱས་ཡོད་པས། སྐབས་དེརགྲུ་འདི་ནི་སྤྱོད་སྒོ་མང་བའི་སྐྱེལ་འདྲེན་གནམ་གྲུ་ཆེ་ད་དུང་ཟིན་ཐོ་གསར་པ་ཡང་བསྐྲུན་ཡོད་དེ། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་གཞི་རྒྱ་ཆེས་ཆེ་བའི་གཡུལ་འཁྲུག་མིན་པའི་དམག་དོན་འགུལ་སྐྱོད་དང་། མཁའ་དམག་གིས་དུས་གཅིག་ལ་སྐྱེལ་འདྲེན་གནམ་གྲུ་གཏོང་ཚད་ཆེས་མང་པའི་གཡུལ་འཁྲུག་མིན་པའི་དམག་དོན་འགུལ་སྐྱོད། མཁའ་དམག་གིས་ཐེངས་དང་པོ་སྐྱེལ་འདྲེན་མཁའ་དམག་ཁྲི་ཤོག་གཉིས་གཏོང་བའི་དམག་དོན་མིན་པའི་ལསའགན་བཅས་སོ། །མདོར་ན་མིའི་རིགས་ཀྱིས་ཏོག་གསར་ནད་དུག་འགོག་རྒོལ་བྱེད་བཞིན་པའི་སྐབས་སུ། འདྲེན་-20ཡིས་རྒྱལ་ཕྱི་ནང་དུ་སྨན་རྫས་དང་འཚོ་བའི་དགོས་མཁོ་སོགས་དངོས་ཟོག་འབོར་ཆེན་སྐྱེལ་འདྲེན་བྱས་པའོ།