སི་ཁྲོན་གྱིས་ཏོག་གསར་གློ་ཚད་སྐོར་ལ་སྤྱི་བསྒྲགས་ཛ་དྲག་མ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 11-05



སི་ཁྲོན་གྱི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡིས་སྤེལ་བའི་སྤྱི་བསྒྲགས།


     སྤྱི་ཟླ11ཚེས3ཉིན་ལ། སི་ཁྲོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡིས་སྤྱི་བསྒྲགས་ཨང18པ་ཁྱབ་བསྒྲགས་བྱས་ནས། ལས་ཁུངས་ཁག་གིས་བྱེད་པོའི་འགན་འཁྲི་བསྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད། རིམས་ཚུལ་འགོག་ཟོན་གྱི་བྱེད་པོའི་འགན་འཁྲི་ཡག་པོ་མི་འཁུར་བ་དང་འགོག་ཟོན་བྱེད་ཐབས་དོན་ཐོག་ཏུ་མི་འཁྱོལ་བ། འགོག་ཟོན་བླང་བྱ་ནན་པོ་མ་ཡིན་པ་བཅས་ཀྱི་ལས་ཁུངས་དང་མི་སྒེར་ལ“སུའི་མི་ཡིན་ན་དེས་འགན་འཁུར་དགོས་པ”དང་།“སུས་ཚོད་འཛིན་མི་ཐུབ་ན་དེར་འགན་འཁྲི་བདའ་འདེད་གཏོང་བ”དང་།“སུས་སྐུང་ཞུ་བྱས་པ་ཡིན་ན་དེར་འགན་འཁྲི་བདའ་འདེད་གཏོང་བ”བཅས་ཀྱི་རྩ་དོན་བཞིན་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ནན་པོ་བྱ་རྒྱུ་རེད། སྤྱི་བསྒྲགས་ཀྱི་ནང་དོན་ཞིབ་ཕྲ་འདི་ལྟར་ཏེ།

སི་ཁྲོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་སྤྱི་བསྒྲགས།

(ཨང18པ།)



     ཉེ་དུས་ལས་ཁུངས་འགའ་ཞིག་གིས་རིམས་ཚུལ་འགོག་ཟོན་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་མི་འདང་ནས་ལས་ཁུངས་དེའི་མི་སྣ་རིམས་ནད་ཡོད་པའི་ས་ཁུལ་དུ་འགྲུལ་སྡོད་བྱས་མྱོང་མཁན་ལ་དོ་དམ་ནན་པོ་མ་བྱས་པ་དང་དེ་ཉིད་ལ་དུས་ཐོག་ཏུ་སྤྱི་ཁུལ་ལ་སྙན་སེང་ཞུ་དགོས་པའི་སྐུལ་མ་མ་བྱས་པའི་རྐྱེན་གྱིས། ཞིང་ཆེན་གཞན་པའི་རིམས་ནད་རང་རེའི་ཞིང་ཆེན་དུ་འགོས་ནས་རིམས་ཚུལ་འགོག་ཟོན་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ཚབས་ཆེན་འགལ་ཡོད། དེས་ན་ལས་ཁུངས་ཀྱི་རིམས་ཚུལ་འགོག་ཟོན་ལས་དོན་བྱེད་ཤུགས་སྔ་བས་ཆེ་རུ་གཏོང་བའི་ཆེད། ད་ལྟ་འབྲེལ་ཡོད་དོན་ཚན་ཁག་གཤམ་གསལ་ལྟར་སྤྱི་བསྒྲགས་བྱ་རྒྱུ་ཡིན་པ་སྟེ།
        གཅིག། ལས་ཁུངས་ཀྱི་བྱེད་པོའི་འགན་འཁྲི་ལག་བསྟར་ནན་ཏིག་བྱ་དགོས། ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཏང་སྲིད་ལས་ཁུངས་དང་དོན་ལས་སྡེ་ཚན། མི་དམངས་ཚོགས་པ། ཁྲོམ་རའི་བྱེད་པོ(གཤམ་དུ་ལས་ཁུངས་ཁག་ཅེས་བསྡུས་ཡོད)བཅས་ཀྱིས་ངེས་པར་དུ་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ་བཅས་དང་རིམ་ཁག་གི་རིམས་ཚུལ་འགོག་ཟོན་བཀོད་འདོམས་པུའུ་ཡི་བླང་བྱ་ལྟར་རིམས་ཚུལ་འགོག་ཟོན་གྱི་ཇུས་གཞི་བཟོས་ནས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཆེད་གཉེར་མི་སྣ་བཀོད་སྒྲིག་བྱས་ནས་རིམས་ཚུལ་འགོག་ཟོན་ལས་དོན་གྱི་འགན་འཁུར་ཞིང་། ལས་སྒྲུབ་མི་སྣར་རིམས་ཚུལ་འགོག་ཟོན་གྱི་གཏན་འབེབས་ཁག་བརྩི་སྲུང་ནན་པོ་བྱ་རྒྱུའི་སྐུལ་མ་བྱེད་པ་དང་ཆབས་ཅིག། ས་གནས་དེ་གའི་ཡུལ་གྲོང(ཁྲོམ་གཞུང)དང་གྲོང་སྡེ(སྤྱི་ཁུལ)ལ་མ་བསྐུལ་དང་ལེན་གྱིས་འབྲེལ་བ་དང་རམ་འདེགས་ཧུར་ཐག་བྱས་ཏེ་རིམས་ཚུལ་འགོག་ཟོན་གྱི་ལས་དོན་ཡག་པོ་བསྒྲུབ་དགོས།
        གཉིས། འབྲེལ་ཡོད་འགོག་ཟོན་བྱེད་ཐབས་དོན་འཁྱོལ་ནན་པོ་བྱ་དགོས། ལས་ཁུངས་ཁག་གིས་མ་བསྐུལ་དང་ལེན་གྱིས་ལས་བཟོའི་བདེ་ཐང་གནས་ཚུལ་རྒྱུས་ལོན་བྱ་དགོས་པ་དང་། ལས་བཟོ་བར་རང་ཉིད་ཀྱི་བདེ་ཐང་ལྟ་ཞིབ་དང་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱ་རྒྱུའི་དྲན་སྐུལ་ཡང་ཡང་བྱ་དགོས། ཚ་བ་རྒྱག་པ་དང་ལུ་བ་རྒྱག་པ་སོགས་རྒྱུན་གཏན་མིན་པའི་ནད་རྟགས་ཡོད་མཁན་ལ་སྨན་བཅོས་སྡེ་ཁག་གི་ཚ་རྒྱས་སྒོ་བསྟེན་སྨན་ཁང་དང་ཡང་ན་ཚ་རྒྱས་སྐབས་བསྟུན་སྨན་བཅོས་བྱེད་སར་འགྲོ་དགོས་པའི་སྐུལ་མ་གཏང་དགོས། ཉིན14ཡི་ནང་རྒྱལ་ནང་གི་ཉེན་ཁ་ཆེ་འབྲིང (ཡང་ན་ནད་པ་གསར་པ་ཐོན་ཡོད་ས)གི་ས་ཁུལ་གྱི་རྫོང(གྲོང་ཁྱེར་དང་ཆུས)དང་། ས་གནས་རིམ་པའི་གྲོང་ཁྱེར་དུ་འགྲོ་འདུག་བྱས་མྱོང་བ་དང་། དེ་བཞིན་ཏོག་གསར་ནད་དུག་ཕོག་མཁན་དང་ཉེ་སར་འཕྲོད་ཡོད་པའི་ལས་བཟོ་བར་ཚགས་བཤེར་ཐོ་འགོད་བྱས་ཏེ་དུས་ཐོག་ཏུ་ས་གནས་དེ་གའི་སྤྱི་ཁུལ་དུ་ཐོ་འགོད་བྱ་དགོས་པ་དང་ཆབས་ཅིག། གཏན་འབེབས་ལྟར་ཉིང་སྐྱུར་བརྟག་བཤེར་དང་ལོགས་བཀར་གཅུན་འདོམས། བདེ་ཐང་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལས་དོན་ཡང་ཡག་པོ་བསྒྲུབ་དགོས། མི་མང་འདུ་འཛོམས་བྱ་ཡུལ་དོ་དམ་བྱེད་མཁན་དང་ཚོང་གཉེར་བྱེད་པོས་ངེས་པར་དུ་འགྲོ་འོང་མི་སྣ་ལ་ཁ་ཤུགས་རྒྱག་པ་དང་། ཚ་དྲོད་བརྟག་པ། བདེ་ཐང་ཚད་གཉིས་ཨང་རྟགས་བཤེར་བ་དང་ཨང་རྟགས་བསྟན་པ་སོགས་ཀྱི་འགོག་ཟོན་བྱེད་ཐབས་དོན་འཁྱོལ་ནན་པོ་བྱ་དགོས།
        གསུམ། མུ་མཐུད་དེ་འགོག་ཟོན་སྲིད་ཇུས་དྲིལ་བསྒྲགས་བྱ་དགོས། ལས་ཁུངས་ཁག་གིས་རིམས་ཚུལ་འགོག་ཟོན་གྱི་གཏན་འབེབས་དང་འགྱུར་ཚུལ་གསར་ཤོས་ལ་དོ་ཁུར་ཆེན་པོ་བྱ་དགོས་པ་དང་། ལས་ཁུངས་ཀྱི་འཕྲིན་ཕྲན་ཚོགས་པ་དང་སྤྱི་ཨང་སོགས་བརྒྱུད་དེ་རྣམ་པ་སྣ་ཚོགས་དང་ཐབས་ལམ་མང་པོའི་ཐོག་ནས་འགོག་ཟོན་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ལས་བཟོ་བའི་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རིམས་ཚུལ་འགོག་ཟོན་གྱི་བྱེད་ཐབས་ཁག་རང་རྟོགས་ངང་དོན་འཁྱོལ་ཡག་པོ་བྱས་ཏེ་མཉམ་འགོག་མཉམ་འཛིན་གྱི་རིམས་ཚུལ་འགོག་ཟོན་གནས་བབ་བཟང་པོ་ཆགས་པར་སྐུལ་འདེད་གཏང་དགོས།
        བཞི། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་བདའ་འདེད་ཚ་ནན་གཏང་དགོས། རིམས་ཚུལ་འགོག་ཟོན་གྱི་བྱེད་པོའི་འགན་འཁྲི་ཡག་པོ་མི་འཁུར་བ་དང་། འགོག་ཟོན་གྱི་བྱེད་ཐབས་དོན་ཐོག་ཏུ་མི་འཁྱོལ་བ། འགོག་ཟོན་གྱི་བླང་བྱ་ནན་པོ་མ་ཡིན་པ་བཅས་ཀྱི་ལས་ཁུངས་དང་མི་སྒེར་ལ“སུའི་མི་ཡིན་ན་དེས་འགན་འཁུར་དགོས་པ”དང་།“སུས་ཚོད་འཛིན་མི་ཐུབ་ན་དེར་འགན་འཁྲི་བདའ་འདེད་གཏོང་བ”དང་།“སུས་སྐུང་ཞུ་བྱས་པ་ཡིན་ན་དེར་འགན་འཁྲི་བདའ་འདེད་གཏོང་བ”བཅས་ཀྱི་རྩ་དོན་གཞིར་བཟུང་ནས་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ནན་པོ་བྱ་དགོས།

 

སི་ཁྲོན་གྱི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་འཚུབ་བསྟུན་བཀོད་འདོམས་པུའུ་ནས།

2021ལོའི་ཟླ་བ11ཚེས3ཉིན་ལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1