ཉེ་ཆར། སི་ཁྲོན་ཞིང་ཆེན་སྲིད་གཞུང་གིས་《སི་ཁྲོན་ཞིང་ཆེན་གྱིས་འབྲི་ཆུའི་དཔལ་འབྱོར་ཁུལ་དུ་ཕྱོགས་བསྡུས་དངོས་སྣང་འགྲིམ་འགྲུལ་བར་ཁྱམས་ཀྱི་ལས་ཀའི་འཆར་གཞི་ལག་བསྟར་བྱ་བའི་ཇུས་གཞི།》ཞེས་པ་ཁྱབ་སྤེལ་བྱས་ཤིང་།《ཇུས་གཞི།》གཞིར་བཟུང་ན། སང་ལོ་ནས་བཟུང་། སི་ཁྲོན་དུ་འབྲི་ཆུ་བརྒལ་བའི་ཟམ་ཆེན་17འཛུགས་རྒྱུ་ཡིན་ལ། ཁྲེན་ཏུའུ་ཡི་གནམ་གྲུ་ཐང་གསར་པ་དང་ལེ་ཧྲན། པ་ཀྲུང་གནམ་གྲུ་ཐང་བཅས་ཀྱང་སང་ལོ་ནས་འཛུགས་སྐྲུན་བྱ་ཐུབ་པར་བརྩོན་ལེན་བྱ་རྒྱུ་རེད། ཀུན་གྱིས་དོ་སྣང་བྱེད་བཞིན་པའི་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་དེ་2017ལོར་རླངས་འཁོར་ཤར་གཏོང་བྱ་རྒྱུ་ཡིན་ལ། གཡག་རྔ་ནས་དར་མདོའི་བར་གྱི་ལྕགས་ལམ་འཛུགས་སྐྲུན་ཡང་སང་ལོ་ནས་འགོ་བརྩོམ་རྒྱུ་རེད། །