འབའ་ཐང་རྫོང་གི་མཚོ་ཕུ།
སྟོན་གྱི་མཛེས་ལྗོངས་ནི་དུས་ཚིགས་གཞན་དང་མི་འདྲ་ལ། ས་གཞི་གསེར་མདོག་གིས་བརྒྱན་ཚེ་ཁྱེད་ཀྱི་མིག་དབང་རབ་ཏུ་འཕྲོག་སྲིད་ཅིང་། མུ་མེད་ཀྱི་རྩྭ་ཐང་ཡངས་པོས་ཁྱེད་ཀྱི་སེམས་ཁམས་ལ་བདེ་སྐྱིད་ཀྱི་སྣང་བ་ཞིག་ངམ་ཤུགས་སུ་སྟེར་སྲིད། རྒྱ་རྫོང་ནགས་ཚལ་སྟུག་པོས་གོས་ཆེན་གསེར་མདངས་འཕྲོ་བ་བཀླུབས་ཏེ་ཁྱེད་ལ་དགའ་བསུ་ཞུ་བཞིན་ཡོད།
ཆུ་ཕྲན་ཀྱག་ཀྱོག་ཏུ་འབབ་ཅིང་། རི་ཚོགས་སོག་ཁ་ལྟར་འགྱིང་བ་དང་། བོད་གྲོང་ཐ་ཐོར་དུ་ཆགས་ཡོད་ལ། ནོར་ལུག་ཁྱུ་ཚོགས་སུ་གནས།
སྟོན་ཁའི་ཁ་དོག་ནི་ཅི་འདྲ་ཞིག་རེད་ཟེར་ན། དཀར་མཛེས་ཁུལ་གྱི་སྟོན་ཁར་ཚོན་མདངས་ཕུན་སུམ་ཚོགས་ཤིང་མཛེས་ཉམས་འབུམ་གྱིས་ཕྱུག། རང་བྱུང་ཁམས་ཀྱི་རྣམ་པ་ཆེས་མཛེས་ཤོས་ཤིག་སྟོན་གྱི་མཛེས་མའི་ཉམས་འགྱུར་ལས་རབ་ཏུ་མངོན། གནས་མཆོག་འདི་ལ་སྔོ་ཞིང་དྭངས་པའི་ནམ་མཁའ་དང་། ཁ་བ་བཀབ་པའི་བྲག་རྡོ་སྨུག་པོ། གསེར་མདོག་ཅན་གྱི་ཤིང་སྡོང་དང་རྩྭ་ཐང་བཅས་རིམ་པ་མངོན་གསལ་དོད་ཅིང་། མཛེས་སྡུག་ལྡན་པའི་བྱིས་སྒྲུང་ནང་གི་འཇིག་རྟེན་ལྟར་བདེ་སྐྱིད་ཕུན་སུམ་ཚོགས་པ་ཞིག་རེད།
དུང་དཀར་ལུང་པའི་རྡོ་མཚལ་ལྗོངས་ཁུལ་གྱི་སྟོན་ལྗོངས།