ཏ་དབྱི་རྫོང་གིས་ཟུང་ཆུ་རྫོང་ལ་རིགས་མཐུན་རོགས་སྐྱོར་བྱས་པར་གྲུབ་འབྲས་ཐོབ།

གསང་བདག་སྒྲོལ་མ། རྩོམ་སྒྲིག་པ།ཡོང་ཁུངས།རྔ་སྒྲ། སྤེལ་དུས། 11-08


      ཏ་དབྱི་རྫོང་གིས་ཟུང་ཆུ་རྫོང་ལ་རིགས་མཐུན་རོགས་སྐྱོར་བྱས་པ་ནས་བཟུང་། ཏ་དབྱི་རྫོང་གིས་ནུས་པ་ཅི་ཡོད་ཀྱིས་ཟུང་ཆུའི་དགོས་མཁོ་སྐོང་རྒྱུ་རྒྱུན་འཁྱོངས་བྱས་ནས། རིགས་མཐུན་སྤེལ་རེས་དང་མཉམ་སྐྲུན་རྒྱ་ཁྱབ་ངང་སྤེལ་ཏེ། སྐྲུན་རོགས་ལས་དོན་རྣམ་གྲངས་ཅན་དང་ཞིབ་ཕྲ་ཅན་དུ་འགྱུར་བར་སྐུལ་སྤེལ་བཏང་སྟེ་བྱ་ཐབས་ཁག་དོན་འཁྱོལ་དང་དམ་འཛིན་བྱས།
      ཏ་དབྱི་རྫོང་གིས་སྔ་རྗེས་སུ་རོགས་སྐྱོར་ལས་བྱེད་པ་151མངགས་ནས་ཟུང་ཆུའི་ཐོན་ལས་འཕེལ་རྒྱས་དང་སློབ་གསོ་འཕེལ་རྒྱས། དམངས་འཚོ་འཕེལ་རྒྱས་བཅས་ཀྱི་ཞན་ཆ་གསབ་པ་དང་། སྔ་རྗེས་སུ་རོགས་སྐྱོར་མ་དངུལ་སྒོར་ཁྲི་7595བཏང་ནས་ལོ་ལྔའི་འཆར་འགོད་ནང་གཏན་འཁེལ་བྱས་པའི་རིགས་ཆེ་གྲས་དགུ་ཡི་རྣམ་གྲངས་60ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་དམིགས་འབེན་རང་བཞིན་གྱི་དམངས་འཚོའི་ལས་དོན་ཡག་པོར་བསྒྲུབས། སྔ་རྗེས་སུ་ཏ་དབྱི་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་20(ད་ལྟ་ཡུལ་ཚོ་དང་གྲོང་རྡལ་11ཡིན་པ།) དང་སྡེ་ཁག་31། ཁེ་ལས་43། སློབ་གྲྭ་32། སྨན་ཁང་7། གྲོང་སྡེའི(སྡེ་ཁུལ)33། སྤྱི་ཚོགས་རྩ་འཛུགས་12བཅས་རྩ་འཛུགས་བྱས་ནས་གཅིག་ལ་གཅིག་གཏད་སོགས་ཀྱི་བྱེད་ཐབས་བརྒྱུད། ཟུང་ཆུ་རྫོང་དུ་དབུལ་སྐྱོར་བྱེད་སྒོ་སྤེལ་བ་དང་། མ་དངུལ་སྒོར་ཁྲི་1000བཏང་ནས་ཅིན་ཨན་གྲོང་རྡལ་གྱི་བྱིས་གཉོར་ཁང་གསར་དུ་བསྐྲུན་ལ། ཧེ་ཙི་ཨེར་སློབ་གསོ་ཚོགས་པས་རོགས་བྱས་ནས་ཟུང་ཆུ་རྫོང་གི་བྱིས་པའི་སློབ་གསོའི་ཆུ་ཚད་སྐས་རིམ་གསར་བ་ཞིག་ཏུ་སླེབས་ཡོད།
      ཤེས་རྟོགས་བྱུང་བ་ལྟར་ན། 2021ལོར། ཏ་དབྱི་རྫོང་གིས་ཟུང་ཆུ་རྫོང་ལ་རིགས་མཐུན་རོགས་སྐྱོར་ལས་དོན་ཚན་ཆུང་གིས་དབུལ་བྲལ་གནད་སྒྲོལ་བྱས་ཆུལ་ལ་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་བྱས་ནས། རིགས་མཐུན་རོགས་སྐྱོར་གྱི་ལམ་སྲོལ་བརྒྱད་གསར་གཏོད་བྱས་པ་དང་། ལྷག་པར་དུ་གསར་གཏོད་ཀྱི་འདུ་ཤེས་ཐོག་ནས་འཆར་འགོད་དང་བཀོད་སྒྲིག་བྱས་པའི་ཟུང་ཆུའི་སྐྱེ་ཁམས་ཞིང་ལས་གསར་གཏོད་གླིང་གིས། ཟུང་ཆུའི་ཞིང་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་ཁྲིད་སྟོན་བྱས་པ་དང་། ཟུང་ཆུའི་དབུལ་བྲལ་གྱི་གྲུབ་འབྲས་བརྟན་འགྱུར་གཏོང་ཆེད་གླིང་ཁུལ་དབུལ་སྐྱོར་གྱི་ཡུན་ཕན་ལམ་སྲོལ་བཙུགས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1