ཁ་སང་སི་ཁྲོན་དུ་ས་གནས་རང་ནས་ནད་པ་གསར་པ་བྱུང་མི་འདུག
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-11
སྤྱི་ཟླ་11པའི་ཚེས་10ཉིན་གྱི་ཆུ་ཚོད་0-24བར། སི་ཁྲོན་དུ་ཏོག་གསར་གློ་ཚད་ཀྱི་ནད་ངོས་བཟུང་བའི་ནད་པ་གསར་པ་བྱུང་མེད་པ་དང་། ནད་པ་1དྲག་སྟེ་སྨན་ཁང་ནས་ཕྱིར་བུད། དོགས་ཡོད་ནད་པ་དང་ཚེ་ལས་འདས་པའི་ནད་དཔེ་བྱུང་མེད། སྤྱི་ཟླ་11པའི་ཚེས་10ཉིན་གྱི་ཆུ་ཚོད་24བར། ཞིང་ཆེན་ཡོངས་ལ་ཉེན་ཁ་ཆེན་བའི་ས་ཁུལ་1དང་ཉེན་ཁ་འབྲིང་བའི་ས་ཁུལ་12བྱུང་བ་ལས། ཞིང་ཆེན་ཡོངས་ཀྱི་ས་ཁུལ་གཞན་དག་ཚང་མ་ཉེན་ཁ་ཆུང་བའི་ས་ཁུལ་དུ་གཏོགས། །