ཁོང་ཚོས་ཚང་འཛོམས་གྲོས་ཚོགས་ཐེངས་6པའི་དགོངས་དོན་སྐོར་ལ་གསུངས་དོན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 11-16



    ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བའི་༼ཀྲུང་གུང་ཀྲུང་དབྱང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་གྲོས་ཆོད་༽ཅེས་པ་དེའི་ནང་ལོ་བརྒྱའི་ནང་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་བདེ་སྐྱིད་བརྩོན་ལེན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་བརྩོན་ལེན་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་ཆེད་བྱས་པའི་འབད་འཐབ་དང་། བློས་གཏོང་། གསར་གཏོད་བཅས་གཅིག་སྡུད་བྱས་ཡོད།
     ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྐོར་ལ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པའི་ཁྲོད་ལན་ཆ་ཡག་པོ་བྱུང་ཡོད་པ་རེད། ཚང་མས། ལོ་རྒྱུས་མེ་ལོང་དུ་བཟུང་ཐོག གུང་ཁྲན་ཏང་ཡོན་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནམ་ཡང་རྒྱུན་འཁྱོངས་བྱས་ནས། ལོ་བརྒྱ་གསར་པའི་རྔམ་བརྗིད་ཆེ་བའི་ལོ་རྒྱུས་སྙན་ངག་རྩོམ་རྒྱུ་ཡིན་ཞེས་བཤད་འདུག

    ལོ་བརྒྱ་ཡི་ནང་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱས་ཐོག རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་མིའི་རིགས་གོང་འཕེལ་ལོ་རྒྱུས་ཐོག་གི་ངོ་མཚར་ཆེ་བའི་མཛེས་རིས་འབྲི་བཞེངས་བྱས་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་སྔ་ན་མེད་པའི་འོད་སྟོང་ལྡན་པའི་མདུན་ལྗོངས་བསུས་ཡོད།

    ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བའི་༼གྲོས་ཆོད་༽དེས་གཙོ་གནད་དེ་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་ལ་ཕྱོགས་བསྡོམས་བྱ་རྒྱུའི་ཐོག་བཞག་ཡོད། དེ་དག་ཁྲོད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་ཕྱོགས་བསྡོམས་དང་རྒྱས་བཤད་བྱས་པ་དེ་ཚང་འཛོམས་གྲོས་ཚོགས་ཀྱི་༼གྲོས་ཆོད་༽ཀྱི་བཀྲག་མདངས་འཚེར་ས་དང་ལེགས་སྐྱེས་ཆེ་ཤོས་དེ་ཡིན།

    ཀྲུང་དབྱང་དྲིལ་བསྒྲགས་པུའུ་རིགས་པའི་གཞུང་ལུགས་ཅུད་ཀྱི་འགོ་འཛིན་ཞུས་ལི་སུན་གྱིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕེལ་འགྱུར་བྱུང་ཡོད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གི་ལོ་བརྒྱའི་འབད་འཐབ་ལ་གཞིགས་པ་དང་། ཏང་གི་ཇི་སྲིད་བར་གྱི་བྱ་གཞག་རླབས་པོ་ཆེར་དམིགས་ནས།  ཐོབ་པའི་གྲུབ་འབྲས་གལ་ཆེན་དང་། ཐག་བཅད་པའི་ཇུས་བཀོད་གལ་ཆེན་ལ་ཕྱོགས་བསྡོམས་བྱས་ཡོད་པས། དེ་ནི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཞིག་རེད་ལ། བྱ་སྤྱོད་ཀྱི་རྩ་འཛིན་ཞིག་ཀྱང་རེད། དེས་ཏང་གི་ལོ་རྒྱུས་ཐོག་གནས་བབ་གལ་ཆེན་ཟིན་རྒྱུ་ཡིན་ལ། མི་རིགས་བསྐྱར་དར་གྱི་འཕེལ་རིམ་ཁྲོད་གལ་ཆེ་ལ་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ངེས་རེད་ཅེས་གསུངས་འདུག

    ཚང་འཛོམས་གྲོས་ཚོགས་ཐོག་བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་གནས་བབ་དང་། ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་ཁྲིད་གོ་གནས་བཅས་གཏན་འཁེལ་མཛད་པས། དེ་ནི་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ནས་བཤད་ན་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པ་ཞིག་རེད་ཅེས་བསྟན་འདུག 

    ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཧའུ་པིང་གིས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ལོ་དང་། ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་ལོ་རྒྱུས་ཀྱི་དུས་སྐབས་འདིར་འཚོགས་པའི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་གྲོས་ཚོགས་ཞིག་རེད། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་ལས་དོན་ལ་གཅིག་གྱུར་འགོ་ཁྲིད་བྱེད་པའི་འོས་འགན་གལ་ཆེན་འཁུར་ཡོད་པས། དུས་ཐོག་ཏུ་སློབ་སྦྱོང་བཀོད་སྒྲིག་དང་། ཞིབ་འཇུག་བཀོད་སྒྲིག་བྱས་ནས། སློབ་སྦྱོང་ལག་བསྟར་ལས་དོན་དོན་འཁྱོལ་ཞིབ་ཚགས་ཡོང་བ་བྱས་པ་དང་། སློབ་སྦྱོང་གི་གྲུས་འབྲས་དེ་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་སྤུས་ཚད་མཐོ་པོའི་ངང་གོང་འཕེལ་གཏོང་བའི་ཕན་འབྲས་དངོས་ལ་འགྱུར་བ་བྱས་ཐོག གྲུབ་འབྲས་གཟེངས་སུ་ཐོན་པའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་རྒྱུར་བསུ་བ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག 

    དཀའ་སྡུག་དང་གཟི་བརྗད་གཉིས་ལྡན་གྱི་སྔར་སོང་བརྒྱུད་མྱོང་བ་དང་། ཉིན་རེ་བཞིན་འཕོ་འགྱུར་འགྲོ་བའི་དེང་གི་དུས་འདི་བརྒྱུད། འོད་སྟོང་རབ་ཏུ་འཕྲོ་བའི་མ་འོངས་པའི་ཕྱོགས་སུ་བསྐྱོད་བཞིན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་ཇི་སྲིད་བར་གྱི་རླབས་ཆེའི་བྱ་གཞག་སྒྲུབ་བཞིན་ཡོད་པ་དང་། ལོ་བརྒྱ་ནི་ཏག་ཏག་ལང་ཚོའི་དཔལ་གྱིས་བརྒྱན་པའི་ལོ་དུས་ཡིན། 

    འབྱུང་ཁམས་ཁོར་ཡུག་པུའུ་རང་བྱུང་འབྱུང་ཁམས་སྲུང་སྐྱོབ་སེའི་སེ་ཀྲང་ཚུད་ཧྲུའུ་ཧུང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་དང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ལོ་རྒྱུས་རང་བཞིན་དང་། དཀྱོག་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འཕོ་འགྱུར་བྱུང་ཡོད་པ་དང་། དེ་ནི་ཏང་གིས་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་ནས་གཏོད་པའི་ངོ་མཚར་གཞན་ཞིག་ཡིན་ཞིང་། དེ་ལས་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པའི་བདེན་སྟོབས་མངོན་གྱི་ཡོད། ཏང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག རང་རྒྱལ་གྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་དང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་དེ་བས་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་ངེས་རེད་ཅེས་གསུངས་འདུག 

    རྒྱལ་ཁབ་བསྡོམས་རྩིས་ཅུད་རྒྱལ་དམངས་དཔལ་འབྱོར་ཕྱོགས་བསྡུས་བསྡོམས་རྩིས་སེའི་སེ་ཀྲང་ཧྥུ་ལིན་ཧུའེ་ཡིས། ཏན་ཏན་ཏིག་ཏིག་ངང་བསམ་བློ་དང་བྱ་སྤྱོད་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ཐོག བསྡོམས་རྩིས་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས། བསྡོམས་རྩིས་དེང་རབས་ཅན་གྱི་བསྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། གྲངས་འཛིན་དཔལ་འབྱོར། ཐཱན་རྩེ་གྲངས། ཐཱན་བཏང་སྙོམས། ཐུན་མོང་ཕྱུག་འགྱུར་བཅས་གཙོ་གནད་ཁྱབ་ཁོངས་ཀྱི་བསྡོམས་རྩིས་བསྒྱུར་བཅོས་ཀྱི་གོམ་སྟབས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། སྤུས་མཐོའི་གོང་འཕེལ་ལ་གནད་འཕིགས་དང་བློས་འགེལ་ཆོག་པའི་བསྡོམས་རྩིས་གཞི་གྲངས་མཁོ་འདོན་བྱ་རྒྱུ་དང་། དཔལ་འབྱོར་དུས་བབ་ཀྱི་དབྱེ་ཞིབ་བརྡར་གཅོད་ལ་ཤུགས་སྣོན་བརྒྱབ་ནས། ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་ལེགས་སྒྲུབ་ཆེད་བསྡོམས་རྩིས་ཞབས་ཞུ་ཡག་པོ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་གསུངས་འདུག 

    ལོ་བརྒྱའི་རྒྱང་བསྐྱོད། ཐོག་མའི་བསམ་འདུན་ཡུན་དུ་གནས། ཏང་དང་མི་དམངས་ཀྱི་ལོ་བརྒྱའི་འབད་འཐབ་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་གི་ལོ་རྒྱུས་ཐོག་རྔམ་བརྗིད་ཆེ་ཤོས་ཀྱི་ལོ་རྒྱུས་སྙན་ངག་བརྩམས་ཡོད། རྒྱལ་ཁབ་འཕྲོད་བདེ་ཨུ་ལྷན་སྨན་སྲིད་དོ་དམ་ཅུད་ཀྱི་ལྟ་ཞིབ་ཆེད་དོན་པ་ཀོའོ་གཡན་ཧུང་གིས། ང་ཚོས་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། མི་དམངས་རྩ་བའི་རྩེ་ལ་འཛིན་པ་དང་། ཚེ་སྲོག་གོང་མའི་གོང་ལ་བཀུར་བ། དེ་བས་གནད་འཕིགས་དང་ཚན་རིག་དང་མཐུན་པའི་བྱ་ཐབས་ཐོག་ནས་ཏོག་གསར་གློ་ཚད་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ། མི་དམངས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པའི་ནད་རིགས་ཆེ་གྲས་དང་གནད་དོན་གཙོ་བོར་དམིགས་ནས། བདེ་ཐང་ཀྲུང་གོའི་འཐབ་ཇུས་ལག་བསྟར་མགྱོགས་སུ་གཏོང་བ་དང་། མི་དམངས་མང་ཚོགས་ལ་ཆ་ཕྱོགས་ཡོངས་དང་དུས་འཁོར་ཧྲིལ་པོའི་བདེ་ཐང་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་གསུངས་འདུག 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1