ཨུ་རུ་སི་དཀར་པོ་དང་འཇར་མན་གྱི་མགོ་ཁྲིད་པས་ཡང་བསྐྱར་མཐའ་མཚམས་ས་ཁུལ་གྱི་ཡུལ་གྱར་བའི་གནད་དོན་ཐད་ནས་ཁ་པར་གྲོས་མོལ་བྱས།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 11-19
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་ཚེས་བཅུ་བདུན་ཉིན་ཡང་བསྐྱར་འཇར་མན་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་མའོ་ཁི་ཨར་ལ་ཁ་པར་བཏང་སྟེ། ཨུ་རུ་སི་དཀར་པོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་མཐའ་མཚམས་ས་ཁུལ་གྱི་ཡུལ་གྱར་བའི་གནད་དོན་ལ་གྲོས་བསྡུར་བྱས།
ཨུ་རུ་སི་དཀར་པོའི་ཙུང་ཐུང་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་མིག་སྔའི་མཐའ་མཚམས་ས་ཁུལ་གྱི་ཡུལ་གྱར་བའི་གནད་དོན་ལ་གྲོས་བསྡུར་ཞིབ་ཏུ་བྱས་པ་དང་། འབྲེལ་ཡོད་གནད་དོན་གྱི་ཐག་གཅོད་ལ་ཇི་ལྟར་སྐུལ་འདེད་གཏོང་བའི་ཐད་ནས་བཟོད་སྒོམ་བརྗེད་ཐོ་བཀོད།
རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བསྟན་དོན། ཡུལ་གྱར་བའི་གནད་དོན་དེ་ཨུ་རུ་སི་དཀར་པོ་དང་ཡོ་རོབ་གླིང་མནའ་འབྲེལ་ལ་སྤྲད་དེ། ཨུ་རུ་སི་དཀར་པོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་འབྲེལ་ཡོད་དཔོན་རིགས་གཏན་འཁེལ་བྱས་རྗེས་མྱུར་མོར་གྲོས་མོལ་གྱི་ཐབས་ལ་བརྟེན་ནས་ད་ལྟའི་གནས་ཚུལ་ཐག་གཅོད་བྱེད་དགོས་ལ། ཡུལ་གྱར་བ་དག་འཇར་མན་དུ་འགྲོ་འདོད་ཡོད་པའི་གནད་དོན་དེ་ཡང་ཐག་གཅོད་བྱེད་དགོས་ཟེར།
མའོ་ཁི་ཨར་གྱིས་ལུའུ་ཁཱ་ཧྲིན་ཁི་ལ་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱི་རྒྱལ་སྤྱིའི་རྩ་འཛུགས་དག་ཡུལ་གྱར་བའི་གནད་དོན་ཐག་གཅོད་བྱེད་པར་ཞུགས་པའི་རེ་བ་བརྒྱུད་བསྒྲགས་བྱས་པ་དང་། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་པར་འབྲེལ་འདྲི་བྱེད་པར་ཡིད་འཐད་བྱུང་།
ཟླ་འདིའི་ཚེས་བཅོ་ལྔ་ཉིན། ལུའུ་ཁཱ་ཧྲིན་ཁི་དང་མའོ་ཁི་ཨར་གྱིས་མཐའ་མཚམས་ས་ཁུལ་གྱི་ཡུལ་གྱར་བའི་གནད་དོན་ཐད་ནས་ཁ་པར་གྲོས་མོལ་བྱས། །