“གློག་སྐྱེལ་ལེགས་འགྲུབ་བྱུང་བ་དང་ཡོད་ཚད་རྒྱུན་ལྡན་རེད་འདུག”ཟླ11པའི་ཚེས20ཉིན་ཆན་ཧྥུའུ35ཡི་བདེ་འཇགས་ལྟ་སྐུལ་གྱི་ལས་གནས་ས་ཚུགས་སུ་གློག་སྒོ་བདེ་བླག་ངང་ཕྱེ་ཞིང་། དུས་མཚུངས་སུ་མཚོ་ངོས་ལས་སྨི5200ལྷག་ཡོད་པའི་བོད་ལྗོངས་ཀྱི་ནག་ཆུ་གདང་ལའི་ཉག་ཁར་ཡོད་པའི“གནམ་འོག་ལམ་སྐྱོང་ཚོ་ཆུང་དང་པོར”གློག་དྲ་དངོས་སུ་ཤར་གཏོང་ཐུབ་པ་རེད།
གློག་གཏོང་བའི་ཡུལ་དངོས།
མཚོ་བོད་གཞུང་ལམ109ལམ་སྐྱོང་ཚོ་ཆུང་ལ“གནམ་འོག་ལམ་སྐྱོང་ཚོ་ཆུང་དང་པོ”ཞེས་བརྗོད་ཀྱིན་ཡོད་ཅིང་། དེ་གར་ས་མཐོ་ལ་གྲང་ངར་ཆེ་བ། གསོ་རླུང་དཀོན་ལ་ཁོར་ཡུག་གི་ཆ་རྐྱེན་ཧ་ཅང་ཞན། དུས་རབས་གོང་མའི་ལོ་རབས50པ་ནས་བཟུང་ལམ་སྐྱོང་ཚོ་ཆུང་གི་བཟོ་པ་མི་རབས་ཁ་ཤས་ཀྱིས་མཚོ་ངོས་ལས་སྨི5200ལྷག་ཡོད་པའི་གདང་ལའི་ཉག་ཁར་དུས་དང་རྣམ་ཀུན་ཏུ་ལྟ་སྲུང་བྱས་ནས་མཚོ་བོད་གཞུང་ལམ་གྱི་ས་བབ་མཐོ་ཤོས་ཀྱི་ལམ་དུམ་དེ་བདེ་འཇགས་ཡོང་བར་འགན་ལེན་བྱས་ཡོད་པ་རེད། ཚོ་དཔོན་གཡུང་དྲུང་དར་རྒྱས་ཀྱིས། ད་ཆ་ལོ་ཧྲིལ་པོར་བཅའ་སྲུང་བྱེད་མཁན་གྱི་ལས་བཟོ་པ44ཡོད་པ་དང་འཕྲུལ་ཆས་ཆེ་བ7ཡོད། འདི་ནི་མཚོ་བོད་གཞུང་ལམ་ལས་བདག་སྐྱོང་སྒྲིག་ཆས་མང་ཤོས་ཀྱི་ལམ་སྐྱོང་ཚོ་ཆུང་དེ་ཡིན། འདི་ནས་ཤང་གྲོང་དང་བར་ཐག་རིང་ཞིང་། གློག་དྲའི་གློག་མཁོ་འདོན་ཁྱབ་ཁོངས་ལས་བརྒལ་བའི་རྐྱེན་གྱིས་དེ་སྔ་གློག་གི་སྐྱེལ་འདྲེན་མ་གནས་མཐོ་ལ་གློག་རྒྱུན་བརྟན་ཆགས་མེད། དེ་བས་ལམ་སྐྱོང་ཚོ་ཆུང་གི་ལས་སྒྲུབ་ཁུལ་དང་འཚོ་བའི་ཁུལ་གྱི་གློག་ལ་འགན་ལེན་ཡག་པོ་ཞིག་བྱེད་དཀའ་ཞེས་མཚམས་སྦྱོར་བྱས།
མཚོ་བོད་གཞུང་ལམ109ལམ་སྐྱོང་ཚོ་ཆུང་དུ་གློག་དྲ་ཤར་གཏོང་བྱས་པ།
རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས“གནམ་འོག་ལམ་སྐྱོང་ཚོ་ཆུང་དང་པོའི”གློག་སྤྱོད་དཀའ་ངལ་ལ་མཐོང་ཆེན་བྱས་པ་མ་ཟད། རྒྱལ་ཁབ་གློག་དྲའི་ནག་ཆུ་གློག་འདོན་ཀུང་སིས་འཇོན་ཐང་ཆེ་བའི་མི་སྣ་དང་ལག་རྩལ་རྐང་འཛིན་པ་བདམས་ནས་ས་གནས་ས་ཐོག་ཏུ་བརྟག་ཞིབ་ཐེངས་མང་བྱས་ཏེ། ལམ་སྐྱོང་ཚོ་ཆུང་དེར་ཆན་ཧྥུའུ10ཡི་གློག་འདོན་སྐུད་ལམ1དང་གློག་སྡོང128སྔོན་ལ་བཙུགས་ཚར་ནས། དུས་ཡུན་ཟླ་བ་གཉིས་རིང་ལས་གཞི་འཛུགས་སྐྲུན་གྱི་ཨར་ལས་ལས་འགན་བདེ་བླག་ངང་འགྲུབ་པ་རེད།
མཚོ་བོད་གཞུང་ལམ109ལམ་སྐྱོང་ཚོ་ཆུང་ལ“གནམ་འོག་ལམ་སྐྱོང་ཚོ་ཆུང་དང་པོ”ཞེས་པའི་མཚན་སྙན་ཐོབ་པ།
ལས་གཞིའི་རྣམ་གྲངས་སྤྱི་གཉེར་བ་སྟེ་རྒྱལ་ཁབ་གློག་དྲའི་ནག་ཆུ་གློག་འདོན་ཀུང་སི་ཡི་ལས་དོན་མི་སྣ་ཚེ་དབང་ལྷུན་གྲུབ་ཀྱིས། ཨར་ལས་བྱ་ཡུལ་ནས་ཐག་ཉེ་ཤོས་ཀྱི་རྫོང་གྲོང་ལའང་བར་ཐག་སྤྱི་ལེ70ཙམ་ཡོད་པས། རྣམ་གྲངས་པུའུ་ཡིས་ཨར་ལས་བྱེད་རིང་ལུགས་མཐུན་ངང་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱེད་པ་དང་རྣམ་གྲངས་གཞན་ནས་ཨར་ལས་མི་སྣ20ལྷག་བཀོད་སྒྲིག་བྱས་ཏེ། གློག་སྒྲོན་དང་འགོག་སྲུང་མཁོ་ཆས་སོགས་འབོར་ཆེན་ཉོ་སྒྲུབ་བྱེད་ཀྱིན་ཡོད་ཅེས་བཤད།
ཟླ11པའི་ཚེས20ཉིན་གྱི་ཐོ་རེངས་སུ“གནམ་འོག་ལམ་སྐྱོང་ཚོ་ཆུང་དང་པོའི”ལས་སྒྲུབ་ཁུལ་དང་འཚོ་བའི་ཁུལ་དུ་གློག་དྲ་ཤར་གཏོང་བྱས་ཡོད་པ་རེད།