རིག་གནས་ཀྱི་མཛེས་སྡུག་ཉམས་སུ་མྱོང་། སེམས་མཐུན་པའི་གླུ་དབྱངས་མཉམ་དུ་ལེན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 11-24



ལྷ་ས་གྲོང་ཁྱེར་ཀྲུང་ཧྭའི་རིག་གནས་སྤྱི་གླིང་དུ་བསྐྱོད་པ།


འདི་ནི་ལྷ་ས་གྲོང་ཁྱེར་ཀྲུང་ཧྭའི་རིག་གནས་སྤྱི་གླིང་གི་འཆམ་མཐུན་སེམས་སྦྲེལ་ཟམ་པ་ཡིན་པ།
          ལེ་ཚན་གཏོད་པའི་གཏམ།
          མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་དར་རྒྱས་གོང་འཕེལ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཚེ་སྲོག་གནས་ས་དང་། སྟོབས་ཤུགས་གནས་ས། རེ་བ་འཆང་ས་བཅས་རེད། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70སོང་རིང་། ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་དང་མཛུབ་ཁྲིད་འོག བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕྱར་བ་གྲུ་འདེགས་དང་། ཞི་མཐུན་མཉམ་གནས། སྤུན་ཉེ་འཆམ་མཐུན། ཕན་ཚུན་ལྟ་སྐྱོང་བཅས་བྱས་ནས། དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ལ་ལོ་ངོ་སྟོང་གི་མི་ཡུལ་གྱི་ངོ་མཚར་མཉམ་དུ་བཏོད་ཡོད། དེ་རིང་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་སྐྲུན་བཞིན་ཡོད། དེ་རིང་ནས་བཟུང་འདི་ག་ཚགས་པར་གྱིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་མི་རིགས་བསྐྱར་དར་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ”ཞེས་པའི་ཆེད་སྒྲིག་ལེ་ཚན་བཏོན་ཏེ། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་མཛེས་སྡུག་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་པའི་གསོན་ཉམས་དོད་པའི་གཏམ་རྒྱུད་བརྗོད་རྒྱུ་ཡིན་པས་དོ་སྣང་ཡོད་པ་ཞུ།
          ལྷ་ས་གྲོང་ཁྱེར་ཀྲུང་ཧྭའི་རིག་གནས་སྤྱི་གླིང་ནི་འདུ་འཛི་ཆེ་བའི་གྲོང་ཁྱེར་གྱི་དབེན་པའི་གནས་ཤིག་དང་། ཀྲུང་ཧྭའི་རིག་གནས་ཀྱི་གཏམ་རྒྱུད་བརྗོད་ས་ཞིག་ཡིན། དེ་གར་མི་རིགས་ཀྱི་སྒྱུ་རྩལ་ཕུན་སུམ་ཚོགས་པོ་འདུས་ཡོད་ལ་བོད་ཀྱི་དྲན་འཆར་མང་པོ་ཡང་གསོན་ཉམས་དོད་པའི་གཟུགས་བརྙན་དུ་བརྐོས་ཡོད། དེ་གར་ནི་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་སྤེལ་ས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་སའི་གནས་གལ་ཆེན་ཞིག་ཡིན་ལ། མི་རིགས་མཐུན་སྒྲིལ་ཉམས་ལེན་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་རྟེན་གཞི་ཞིག་ཀྱང་རེད།
          2021ལོའི་ཟླ་8པར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་ཕྱག་རྟགས་འབུལ་བའི་དམངས་འཚོའི་རྣམ་གྲངས་ཏེ། ལྷ་ས་གྲོང་ཁྱེར་ཀྲུང་ཧྭའི་རིག་གནས་སྤྱི་གླིང་གྲོང་མི་དང་ཡུལ་སྐོར་བར་སྒོ་མོ་ཕྱེ་བ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་ཧྭའི་རིག་གནས་སྤྱི་གླིང་གི་རྒྱ་ཁྱོན་མུའུ་1057ཟིན་པ་དང་ལྷ་ས་སྐྱིད་ཆུའི་ངོགས་གཉིས་སུ་གནས་ཤིང་། ཤར་གྱི་སྣེའུ་ཟམ་ཆེན་ནས་ནུབ་ཀྱི་ལྷ་གོང་ཟམ་ཆེན་བར་ཡིན་པ་དེས་ལྷ་ས་སྐྱིད་ཆུའི་ཆུ་ཁོངས་མུའུ་3000ཙམ་བསྐོར་ཡོད། སྤྱི་གླིང་གིས“ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན”བརྗོད་དོན་གཙོ་བོ་དང་། “ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ”གཙོ་རྐང་དུ་བྱས་ནས་སྤྱི་པའི་སྒྱུ་རྩལ་དང་འཇིམ་རྐོས་31གཅིག་སྡུད་བྱས་ཡོད། ལྷོ་བྱང་ངོགས་གཉིས་སྤྱིའི་རིང་ཚད་ལ་སྨི་1093ཡོད་པའི་འཆམ་མཐུན་སེམས་སྦྲེལ་ཟམ་པས་སྦྲེལ་ཡོད་པ་རེད། འཆམ་མཐུན་སེམས་སྦྲེལ་ཟམ་པ་དེ་མཚོན་རྟགས་རང་བཞིན་གྱི་བཟོ་བཀོད་ཅིག་ཡིན་པ་དང་དེར་རྐང་ཐང་མར་སྐྱོད་མཁན་དང་འཕྲུལ་སྒུལ་མིན་པའི་འཁོར་རིགས་བསྐྱོད་ཆོག་གི་ཡོད། བརྩེ་སེམས་ཟམ་པ་དེས་ཀྲུང་ཧྭ་མི་རིགས་ཁག་གི་རིག་གནས་དེ་བས་ཟབ་པའི་སྒོ་ནས་སྦྲེལ་མཐུད་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་བརྩེ་སེམས་ཟབ་མོའི་དཔང་པོ་བྱེད་ཀྱི་ཡོད།
          ལྷ་ས་གྲོང་ཁྱེར་ཀྲུང་ཧྭའི་རིག་གནས་སྤྱི་གླིང་ནི་བོད་རང་སྐྱོང་ལྗོངས་ཀྱི་དམངས་ཕན་འདུ་འགོད་ཅིག་ཡིན་ཞིང་། ལྷ་ས་སྐྱིད་ཆུར་སྐྱེ་ཁམས་མཛེས་ལྗོངས་ཁུལ་ཞིག་བསྣན་པ་ལས་ལྷ་ས་སྐྱིད་ཆུའི་ལྗོངས་གཟིགས་གློག་སྒྲོན་དང་། ལུས་སྦྱོང་རྐང་ལམ། བསིལ་ཁང་སོགས་སྤྲོ་གསེང་དང་ལྗོངས་གཟིགས་གཞི་གཅིག་ཏུ་འདུས་པའི་སྤྱི་པའི་སྒྲིག་བཀོད་མང་དུ་བཏང་ཡོད། ཉིན་མོ་སྤྱི་གླིང་གི་ལམ་ཕྲན་དུ་འཆམ་འཆམ་བྱེད་སྐབས་དགུང་སྔོན་སྤྲིན་དཀར་དང་། བསིལ་ཁང་། ལྗོན་ཤིང་། རླབས་སྔོན་གཡོ་བ་བཅས་ངོ་མཚར་མཛེས་ལྗོངས་ལ་མི་རྣམས་ཀྱི་ཡིད་དབང་འཕྲོག ས་རུབ་ཁར་ཆུ་ངོས་སུ་བསིལ་རླུང་དལ་བུར་ལྡང་བ་དང་། ངོགས་གཉིས་སུ་གློག་འོད་ཆེམ་ཆེམ་དུ་འཕྲོ་བ། འཆམ་མཐུན་སེམས་སྦྲེལ་ཟམ་པར་འཆམ་འཆམ་དུ་སྐྱོད་མཁན་མི་ཚོགས་རྒྱུན་ཆད་མེད།
          སྤྱི་གླིང་གི་ལྷོ་ངོགས་ནི་ཐུན་མོང་གི་སྙིང་སྟོབས་དང་ཐུན་མོང་གི་རིག་གནས་གཉིས་ལས་གྲུབ་ཅིང་། མི་རིགས་ཁག་གི་རིག་གནས་གཅིག་ལ་གཅིག་བརྒྱན་དང་ཀྲུང་ཧྭའི་རིག་གནས་ཀྱི་རྒྱ་ཆེ་གཏིང་ཟབ་ནི་ད་ལྟ་ང་ཚོའི་རིག་གནས་ཀྱི་གདེང་ཚོད་ཆེན་པོའི་འབྱུང་རྩ་རེད། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོར་སོ་ནམ་ཤེས་དཔལ་གྱི་ལས་ལ་བརྩོན་ཞིང་བབ་ཆགས་ཤིང་བྱམས་བརྩེ་ལྡན་པ་དང་། འབྲོག་ལས་ཤེས་དཔལ་གྱི་སྤྲོ་སེམས་རབ་ཏུ་འཁོལ་བ་དང་དཔའ་ངར་ཞུམ་མེད། རྒྱ་མཚོའི་ཤེས་དཔལ་གྱི་ཁོང་ཡངས་དཀྱེལ་ཆེ་དང་འབད་འཐབ་བྱས་ནས་རྒྱལ་ཁ་ལེན་ཕོད་པ་སོགས་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་དང་རང་གཤིས་ཟམ་མི་ཆད་པར་བསྣན་ནས་རྒྱལ་གཅེས་རིང་ལུགས་ལྟེ་བར་བྱས་པའི་རླབས་ཆེན་གྱི་མི་རིགས་སྙིང་སྟོབས་ཐུན་མོང་ཐོག་གྲུབ་པར་བྱས་ཡོད།
          “འདི་ནི་རྒྱ་རིགས་ཀྱི་གནའ་བོའི་སྒྲ་སྙན་རེད། འདི་ནི་ཀྲོང་རིགས་ཀྱི་ཐན་ཆིན་སྒྲ་སྙན་རེད། འདི་ནི་མེའོ་རིགས་ཀྱི་པ་ཀེ་ཏེའུ་ཏུང་སྒྲ་སྙན་རེད”ཅེས་གཞོན་ནུ་ལོ་ཆུང་ཁྱུ་གཅིག་གིས་ལྷོ་ངོགས་ཀྱི་ཀྲུང་གོའི་ཕུགས་འདུན་སེམས་མཐུན་ཐང་ཆེན་དུ་མི་རིགས་ཀྱི་རོལ་ཆས་འཇིམ་རྐོས་ལ་ལྟ་བཞིན་འདུག ཐང་ཆེན་གྱི་འཇིམ་རྐོས་གཙོ་བོ《ཀྲུང་ཧྭའི་རོལ་དབྱངས་ལེའུ》ནི་མི་རིགས་56གི་མཚོན་བྱེད་རང་བཞིན་གྱི་རོལ་ཆས་འཇིམ་བརྐོས(མཐོ་ཚད་སྨི་9)ལས་གྲུབ་པ་དང་། “མི་རིགས་56གི་རོལ་ཆ་སྡེབ་སྒྲིག་བྱས་པ་ལས། མི་རིགས་56གིས་ཀྲུང་ཧྭའི་རོལ་དབྱངས་མཉམ་དུ་དཀྲོལ་བ་མཚོན་གྱི་ཡོད་ཅེས”ཡུས་ཕན་གྱིས་གསར་འགོད་པར་བཤད།
          ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་མི་རིགས་ཀྱི་རོལ་ཆ་ཡིས་སེམས་མཐུན་ཐང་ཆེན་དུ་ཞི་མཐུན་གྱི་རོལ་དབྱངས་དཀྲོལ། མཚན་མོར་རོལ་ཆ་ཁག་གི་ཁ་དོག་སྣ་ལྔའི་སྐུལ་འོད་གཅིག་ཏུ་འདུས་པ་ལས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་མཚོན།
          “ཀྲུང་ཧྭའི་རིག་གནས་སྤྱི་གླིང་ལ་ལྟ་སྐོར་བྱས་རྗེས། ལོ་རྒྱུས་ནས་དོན་དངོས་སུ་བསྐྱོད་པའི་ཚོར་སྣང་ཞིག་འདུག ཀྲུང་ཧྭའི་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཡིན་པ་དང་། བོད་མི་རིགས་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། བོད་ནི་གནའ་སྔ་མོ་ནས་བཟུང་མེས་རྒྱལ་གྱི་མངའ་ཁོངས་ནས་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད། སྒྱུ་རྩལ་གྱི་བྱེད་ཐབས་དང་འདུ་ཤེས་དེ་རིགས་གསོན་ཉམས་དོད་པོས་མངོན་པར་བྱས་པ་བརྒྱུད། ང་ཚོའི་རྒྱ་ཆེའི་ལས་བྱེད་ལས་བཟོ་དང་། གྲོང་མི་མང་ཚོགས། ཡུལ་སྐོར་བ་བཅས་ཀྱིས་སྤྲོ་གསེང་དང་། ལུས་སྦྱོང་། ཡུལ་སྐོར་བཅས་བྱེད་ཆོག་པ་དང་ཆབས་ཅིག རྒྱུན་ཆད་མེད་པ་དང་རྒྱ་ཆེ་ལ་གཏིང་ཟབ་པའི་ཀྲུང་ཧྭའི་རིག་གནས་དང་མི་རིགས་མཐུན་སྒྲིལ་གྱི་རླབས་ཆེན་སྟོབས་ཤུགས་མྱོང་ཚོར་བྱེད་ཐུབ” ང་ཁོམ་པ་བྱུང་ཚེ་སྤྱི་གླིང་དུ་འཆམ་འཆམ་ལ་འགྲོ་གི་ཡོད་ཅེས་སྣེའུ་ཁུལ་གསར་དོ་དམ་ཨུ་ལྷན་བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་གཞུང་དོན་ཁང་གི་ལས་དོན་པ་ཀྲའོ་ཝུན་ཅོན་གྱིས་གསར་འགོད་པར་བཤད།
          ཀྲའོ་ཝུན་ཅོན་གྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་མི་རིགས་ཁག་ལག་གདང་སྦྲེལ་བ་དང་དཔུང་པ་མཉམ་གཤིབ་ཀྱིས་སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་མཛེས་སྡུག་ལྡན་པའི་མེས་རྒྱལ་འཛུགས་སྐྲུན་བྱེད་དགོས། ང་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་གསར་འབྱེད་ཡར་བརྩོན་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་རྒྱུན་ཆད་མེད་པར་འབད་འཐབ་བྱེད་དགོས་ཞེས་བཤད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1