ང་ནི་སྤྲང་པོ་ཁོ་ན་ཞིག །
ལས་ཀྱིས་བདེ་ལྡན་ཞིང་ཁམས་སུ། །
འགྲོན་པོར་ཐེངས་ཤིག་བསླེབས་པ་ན། །
ཕྱེ་ལེབ་ཞིག་དང་འཚུངས་པར་གྱུར། །
སྤྲང་ཀོག་ཞིག་དང་འདྲ་ལེ་བྱས། །
ཟིལ་བ་ས་ལ་མ་གཏོར་བའི། །
མི་རིང་སྐད་ཅིག་ཙམ་གྱི་རྗེས། །
འདུ་བྲལ་བྱུང་བའི་ཆོས་ཉིད་འདི། །
སུ་ཡིས་བཙན་གྱིས་བཅོས་པ་ཡིན། །
གང་ནས་ཤུར་སེ་བསླེབས་པ་ཡིན། །
ང་ལ་གནམ་གྱིས་བཀའ་མ་འབབ། །
ང་ལ་ལས་ཀྱིས་བཙན་མ་འཛུག །