ཟུང་ཆུས་ཡུལ་སྡེའི་འགྲུལ་སྐྱེལ་ཞབས་ཞུ་སྟབས་བདེ་བསྐྲུན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་ཁུལ་བོད་སྐད་བརྙན་འཕྲིན། སྤེལ་དུས། 11-30



        “གསེར་ལམ་ལས་གྲྭའི”ཡུལ་སྡེའི་འགྲུལ་སྐྱེལ་ནི་ཡུལ་སྡེའི་འགྲུལ་སྐྱེལ་བདེ་འཇགས་ངང་ཕྱིར་སྐྱོད་ཐུབ་པའི་འགན་ལེན་ཞིག་རེད། ཡུལ་སྡེའི་འགྲུལ་སྐྱེལ་གྱི“གསེར་ལམ་ལས་གྲྭས”དམངས་ལ་ཞབས་འདེགས་ཞུ་བའི་ཁྱབ་ཁོངས་སྔར་བས་རྒྱ་ཆེར་བཏང་ནས་ཡུལ་སྡེའི་འགྲུལ་སྐྱེལ་གྱི་ཕུགས་ཕན་འཕེལ་རྒྱས་ལམ་སྲོལ་འཛུགས་ཆེད། ཟུང་ཆུ་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་དང་ཟུང་ཆུ་རྫོང་སྦྲགས་སྲིད་ཡན་ལག་ཀུང་སིས“འགྲིམ་འགྲུལ་དང་སྦྲགས་སྲིད་གན་རྒྱ”ལ་སྐུལ་འདེད་གཏིང་ཟབ་བཏང་། ཚང་སྒྲིག་ལྟེ་གནས་དང་ཡུལ་གྲོང་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས(ཡུལ་སྡེའི་མྱུར་སྐྱེལ་ལྟེ་གནས)། “གསེར་ལམ•སྦྲགས་འགྲུལ་ས་ཚིགས”བསྐྲུན་པ་བརྒྱུད། ཡུལ་ཚོ་དང་སྡེ་བའི་སྦྲགས་ཐོག་གཏོང་ལེན་གྱི“གསེར་ལམ་ལས་གྲྭའི”འཁོར་རིགས་སྐྱེལ་འདྲེན་བྱེད་ཐབས་སོགས་རིམ་པ་གསུམ་བརྒྱུད་ཡུལ་ཚོ་དང་སྡེ་བ། རྫོང་བཅས་ཀྱི་དངོས་སྐྱེལ་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་རེད།

        ཉེ་བའི་ལོ་ཤས་རིང་། མཁར་གྲོང་གི་འགྲིམ་འགྲུལ་འགྲོ་ལམ་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཟུང་ཆུའི་སྡེ་བའི་གཞུང་ལམ་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པ་དང་། སྡེ་བའི་འགྲུལ་སྐྱེལ་གྱི“གསེར་ལམ་ལས་གྲྭ”ཡང་རྫོང་ཡོངས་ཀྱི་བོད་ཆའང་གི་ཡུལ་སྡེ་སོ་སོར་ཁྱབ་པ་དང་།“གསེར་ལམ་ལས་གྲྭས”རྫོང་ཡོངས་སུ་བརྡ་གཏོང་ས་ཚིགས་བསྐྲུན་ཡོད་ལ། འགྲུལ་སྐྱེལ་རླངས་འཁོར་གྱི་ལམ་ཐིག་དང་དུས་ཚོད་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱས་ནས་མི་དམངས་མང་ཚོགས་ཀྱིས་འགྲུལ་འཁོར་སྒུག་པར་སྟབས་བདེ་བསྐྲུན་ཡོད།
        མི་དམངས་མང་ཚོགས་ཀྱིས་ཡུལ་སྡེའི་འགྲུལ་སྐྱེལ་གྱི“གསེར་ལམ་ལས་གྲྭ”ལ་ཁས་ལེན་བྱེད་ཚད་སྔར་བས་མཐོ་རུ་བཏང་ནས་ཡུལ་སྡེ་ས་ཁུལ་གྱི་སྐྱེལ་འདྲེན་ཞབས་ཞུའི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་དང་། ཡུལ་སྡེའི་འགྲུལ་སྐྱེལ་གྱི“གསེར་ལམ་ལས་གྲྭས”འཁོར་རིགས་ཁྱབ་ཚད་ཆེ་བ་དང་འཁོར་རྒྱུག་ལམ་ཐིག་བརྟན་པོ་ཡོད་པའི་ལེགས་ཆ་གཏོད་པ། ཡུལ་སྡེའི་་འགྲུལ་སྐྱེལ་གྱི“གསེར་ལམ་ལས་གྲྭའི”རླངས་འཁོར་གྱིས་ཡུལ་སྡེ་ས་ཁུལ་གྱི་དངོས་ཟོག་ཆུང་གྲས་མྱུར་འདྲེན་ལས་སྒོ་སྤེལ་བ། ཡུལ་སྡེའི་འགྲུལ་སྐྱེལ་ཀུང་སིས་ཅ་དངོས་ཆུང་གྲས་མྱུར་འདྲེན་དོ་དམ་ཚད་ལྡན་ཡོང་བ་བྱེད་པ་བཅས་ཀྱི་ཐོག་ནས་ཡུལ་སྡེའི་བདེ་འཇགས་འགན་ལེན་བྱས་ཡོད་པ་རེད།
        ཟུང་ཆུའི་ཡུལ་སྡེའི་འགྲུལ་སྐྱེལ་གྱི“གསེར་ལམ་ལས་གྲྭས”མཛེས་སྡུག་ལྡན་ལ་ཁམས་དྭངས་པ་དང་། བདེ་འཇགས། ལྗང་མདོག སྟབས་བདེ་སྤུས་ལེགས། ཡུལ་སྡེའི་འགྲུལ་སྐྱེལ་ལ་དོ་དམ་ཞིབ་ཚགས་བཅས་ཀྱི་ལས་འགན་གཙོ་བོ་ཞིག་བསྐྲུན་རྒྱུ་ལས་འགན་གཙོ་བོར་བྱས་པས་མི་དམངས་བློ་ཡིད་ཚིམ་པའི་ཡུལ་སྡེའི་འགྲུལ་སྐྱེལ་ཞབས་ཞུའི་མ་ལག་ཅིག་ཏུ་གྱུར་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1