ཟླ་12ཚེས་1ཉིན། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་ཆུ་འགོའི་གླིང་ཁུལ་ཆུ་དམར་ལེབ་དོ་དམ་ཁྲུའུ་ཡི་སྣོད་བཅུད་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུས་ཀྱི་ཅུས་ཀྲང་གིས། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་སྣོད་བཅུད་བདག་སྐྱོང་མི་སྣ་སྒྲོལ་མ་སྐྱབས་ཀྱིས་ཉིན་ཤས་གོང་རྫོང་དེར་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་བྱ་ཡུལ་བདག་ཏུ་མ་བཟུང་བའི་སྲོག་ཆགས་གཡི་ཡིས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་གཙོད་རྔོན་པའི་རྣམ་པ་པར་བླངས་ཡོད་པ་ངོ་སྤྲོད་བྱས། ཤེས་རྟོགས་བྱུང་བར་གཞིགས་ན། གཡི་ཡིས་གཙོད་རྔོན་པའི་རྣམ་པ་པར་ལེན་ཐུབ་མཁན་ཧ་ཅང་ཉུང་ཉུང་ཡིན་པ་རེད། གཡི་ཡི་ཕྱིའི་བཟོ་ལྟ་ནི་བྱི་ལ་དང་འདྲ་མོད། འོན་ཀྱང་བྱི་ལ་ལས་ཆེ་ཞིང་། རྣ་ཅོག་རིང་ཞིང་རྣོ་ལ་བ་སྤུ་གཟེངས་སུ་ཐོན་པའི་གཅན་གཟན་འབྲིང་གྲས་རིགས་ཤིག་རེད།