ཆམ་པ་ནི་ཧ་ཅང་རྒྱུན་མཐོང་གི་ནད་རིགས་ཤིག་ཡིན་ལ། དེ་ནི་གཙོ་བོ་མུད་པ་ན་བའི་ནད་རིགས་ཤིག་ཡིན། ཆམ་པ་ནི་དུས་སུ་ཅུང་རྒྱུན་མཐོང་གི་ནད་རིགས་ཤིག་ཡིན་ལ། དེ་ཡང་སྔོན་འགོག་གི་ཕྱོགས་ནས་གཤམ་གྱི་ནང་དོན་འགའ་ཡོད།
གཅིག ཆམ་པ་ནི་མི་ཕན་ཚུན་བར་འགོ་སླ་བའི་ནད་རིགས་ཤིག་ཡིན་ལ། མིའི་ཁ་རླངས་དང་ལག་འཇུ་བྱེད་པ་སོགས་ཀྱིས་ཀྱང་ཕན་ཚུན་འགོ་ཐུབ་པས། ཚོགས་ཆེ་སར་འགྲོ་བ་ཉུང་ཉུང་བྱེད་དགོས།
གཉིས། མི་གཞན་པར་ལག་འཇུ་བྱས་པ་ཡིན་ལ། ཕྱིར་ཁྱིམ་ལ་ཡོང་ནས་ལག་པ་གཙང་མ་བཀྲུ་དགོས་ལ། དུས་རྒྱུན་སྒེའུ་ཁུང་ཕྱེས་ནས་རླུང་རྒྱུ་རུ་འཇུག་དགོས།
གསུམ། ལུས་སྦྱོང་བཟང་བོ་བྱས་ནས་ལུས་ཀྱི་ཟུངས་ཤེད་རྒྱས་ཐུབ་པ་བྱེད་དགོས།
བཞི། དུ་བ་དང་ཆང་གཏུང་བ་སོགས་མི་ལེགས་པའི་བྱས་སྤྱོད་སྤངས་དགོས་ལ། ཟས་འཁྱག་དང་ཁ་ཚའི་རིགས་ཉུང་བཟའ་བྱེད་དགོས།