ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་ཧྲིལ་པོའི་རྐོ་ཚད་སྨི་ཁྲི3ཡི་འགག་སྒོ་ཆེན་པོ་ལས་བསྒྲལ་ཐུབ་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༢ཚེས་༠༧ཉིན།


ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་ཧྲིལ་པོའི་རྐོ་ཚད་སྨི་ཁྲི3ཡི་འགག་སྒོ་ཆེན་པོ་ལས་བསྒྲལ་ཐུབ་ཡོད།

ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་དཔེ་མཚོན་རི་མོ།


ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་ཧྲིལ་པོའི་རྐོ་ཚད་སྨི་ཁྲི3ཡི་འགག་སྒོ་ཆེན་པོ་ལས་བསྒྲལ་ཐུབ་ཡོད།

གྲོང་སྐོར་འཇའ་ཚོན་ལམ་ཆེན་ལ་ཆེས་མཐའ་མཇུག་གི Tདབྱིབས་ཅན་གྱི་ལྕགས་སྒྲོམ་འཐེན་པ་ལེགས་གྲུབ་བྱུང་།


ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་ཧྲིལ་པོའི་རྐོ་ཚད་སྨི་ཁྲི3ཡི་འགག་སྒོ་ཆེན་པོ་ལས་བསྒྲལ་ཐུབ་ཡོད།

རང་འགུལ་བདག་སྐྱོང་སྟེགས་འཁོར།


ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་ཧྲིལ་པོའི་རྐོ་ཚད་སྨི་ཁྲི3ཡི་འགག་སྒོ་ཆེན་པོ་ལས་བསྒྲལ་ཐུབ་ཡོད།

གློག་ཐག་ཤུར་གྱི་འདྲེད་དཔེ་སྒྲིག་ཆས།


ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམTJ8པ་ལམ་མཚམས་ཀྱི་པེ་ཁྲའོ་ཕིང་ཕུག་ལམ་གྱི་གཡོན་ཕྱོགས་ཕུག་ལམ་རིམ་རྩིས་བྱས་ན་སྨི700སྔོག་འདོན་བྱས་པ་དང་ལི་ཡུའེ་ཕུག་ལམ་ཀྱི་གཡོན་ཕྱོགས་ཕུག་ལམ་ཁྱོན་སྨི1000སྔོག་འདོན་བྱས་ཡོད། ད་ལྟའི་བར་དུ་ལྕགས་ཟམ་ཁ་ནས་སྲིབ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་ཧྲིལ་པོའི་སྤྱིའི་རིང་ཚད་སྨི་ཁྲི3གྱི་འགག་སྒོ་ཆེན་པོ་སྒྲོལ་ཐུབ་ཡོད་པ་རེད།

ཧྲུའུ་ཏའོ་ཚོགས་པའི་ལུའུ་ཧྲི་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི། ལས་འཛིན་འཛིན་པ་ཡོན་ཧྥེ་ཡུན་གྱིས་གསར་འགོད་པར་ཞིང་ཆེན་ནང་ཁུལ་དུ་སྐྲུན་བཞིན་པའི་བཟོ་སྐྲུན་ཟམ་པའི་ཕུག་ལམ་བསྡུར་ཚད་མཐོ་ཤོས་ཀྱི་ལས་གཞི་ཞིག་ཡིན་པའི་ཆ་ནས་བཤད་ན། ང་ཚོའི་མདུན་དུ་གཡོ་འགུལ་ཆེ་བའི་གས་སྲུབས་ས་རྒྱུད་དང་ཉེ་བར་གཤིབ་པའི་འཛམ་གླིང་རང་བཞིན་གྱི་གནད་དོན་དང་། དེ་བཞིན་རིམས་ནད་དང་ཆུ་སྐྱོན། ས་གཤིས་གནོད་འཚེ་མང་དུ་བྱུང་བ་སོགས་ཀྱི་ཉམས་ཚོད་ནན་པོ་དང་འཕྲད་སྐབས་ཕྱིར་བཤོལ་མ་བྱས་པར། ལམ་ཐིག་ཧྲིལ་པོར་ཧྲུའུ་ཏའོ་ཚོགས་པའི་དམིགས་འབེན་མི་འགྱུར་བ་དང་ལས་འགན་ཉུང་དུ་མི་གཏོང་བ། ཚད་གཞི་དམའ་རུ་མི་གཏོང་བ། ངར་ཤུགས་མི་ལྷོད་པའི་སྤྱིའི་བླང་བྱ་ལྟར། དུས་དང་རྣམ་པ་ཀུན་ཏུ་རིམས་ནད་སྔོན་འགོག་དང་ཐོན་སྐྱེད་འཛུགས་སྐྲུན་གཉིས་ཀར་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། གསར་བརྗེའི་ལམ་བུ་འདིའི་སྟེང་ནས་ཧྲུའུ་ཏའོ་ལམ་བསྐྲུན་གྱི་ཟིལ་ཤུགས་ངོམ་པར་བརྟེན་ད་སྔར་ཕུག་ལམ་གྱི་རྐོ་ཚད་སྨི3000ལ་ཟིན་ནས་ང་ཚོས་ལོ་འཁོར་འདིའི་དམིགས་འབེན་ལས་འགན་བདེ་བླག་ངང་ལེགས་འགྲུབ་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ཅེས་བཤད།

ད་སྔར་ཕུག་ལམ་ཧྲིལ་པོ་ལ་རིམ་རྩིས་བྱས་ན་སྨི་ཁྲི3ལེགས་འགྲུབ་བྱུང་བ་དེས་ཕུག་ལམ་གྱི་སྤྱིའི་རིང་ཚད་ཀྱི་བརྒྱ་ཆ22བཟུང་ཡོད། ལོ་མཇུག་ཏུ་སླེབས་པས་རིམས་ནད་དང་ཆུ་སྐྱོན། ས་གཤིས་གནོད་འཚེ་མང་དུ་བྱུང་བ་སོགས་ཀྱི་ཕྱི་རོལ་ཡུལ་གྱི་ཕྱོགས་བསྡུས་ཤུགས་རྐྱེན་འོག་ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་གྱིས་སྔར་བཞིན་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་དང་གཏོང་བཞིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལས་གྲྭའི་ལག་རྩལ་ཐད་ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་གཡོ་འགུལ་ཆེ་བའི་གས་སྲུབས་ས་རྒྱུད་དང་ཉེ་བར་གཤིབ་པའི་ཕུག་ལམ་འཛུགས་སྐྲུན་གྱི་འགག་རྩའི་ལག་རྩལ་ལ་ཚན་རྩལ་གྱིས་འགག་སྒོ་གཏོར་བ་དང་། ཕུག་ལམ་གྱི་སྒྲིག་གཞིར་ཤུགས་གནོན་ཐེབས་པའི་ཁྱད་རྟགས་དང་།ས་ཡོམ་འགོག་ཐབས། བྲག་རྡོ་འབར་གས་སྔོན་དཔག་དང་འགོག་བཅོས་བྱ་ཐབས་སོགས་དུས་མཚམས་ཀྱི་ཞིབ་འཇུག་གྲུབ་འབྲས་སོགས་དུས་ཐོག་ཏུ་ཐོབ་པ་བྱས་ནས། ཡུལ་དངོས་ནས་ཨར་ལས་ལ་མཛུབ་ཁྲིད་བྱས་ཏེ་ཕུག་ལམ་བདེ་བླག་ངང་བསྐྲུན་རྒྱུར་འགན་ལེན་བྱས་པ་དང་། ལས་ཡུན་ཧྲིལ་པོའི་སྐྱེལ་འདྲེན་ཉམས་གསོའི་དོ་དམ་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

གཞན་ཡང་ཨར་ལས་བྱེད་སྐབས་ད་དུང“སྔོག་འདོན་ཇེ་ཉུང་དུ་གཏོང་བ”དང་། “སྔོན་བརྒལ་གྱི་ས་གཤིས་སྔོན་བརྡ”“ལྟ་སྐུལ་ཚོད་འཛིན་བྱེད་ཚད་ཆེ་རུ་གཏོང་བ”སོགས་ཀྱི་འདུ་ཤེས་ཁྱབ་གདལ་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད་པ་རེད།

སྔོག་འདོན་ཇེ་ཉུང་དུ་གཏོང་བ་ཞེས་པ་ནི་ཕུག་ལམ་གྱི་ཁ་གཤགས་ཚད་ཇེ་ཆུང་དུ་གཏོང་བ་དང་། ནགས་ཚལ་གཅོད་ཚད་ཇེ་ཉུང་དུ་བཏང་ནས་ཟུར་ངོས་ཀྱི་བརྟན་བརླིང་དང་ཕུག་ལམ་དུ་འཛུལ་བའི་ཉེན་མེད་ལ་འགན་སྲུང་བྱས་པ་དང་ཆགས་ཅིག། ཉེ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཚད་མཐོན་པོ་བྱས་པ་རེད། མྱུར་བགྲོད་གཞུང་ལམ་ཧྲིལ་པོར་ཕུག་ལམ18ཡོད་པ་ཚང་མས་སྔོག་འདོན་ཇེ་ཉུང་དུ་གཏོང་བའི་ཨར་ལས་བྱེད་ཐབས་སྤྱད་ཡོད་པ་རེད། སྔོན་བརྒལ་གྱི་ས་གཤིས་སྔོན་བརྡ་ཞེས་པ་ནི་བྱེད་ཐབས་མང་པོ་སྤྱད་ནས་ཡང་དག་པའི་སྒོ་ནས་ས་གཤིས་གནས་ཚུལ་སྔོན་བརྡ་གཏོང་བ་དང་། གས་སྲུབས་དང་ས་འོག་གི་ཆུ་ཡོད་མེད་བལྟ་རྒྱུ་ནི་ལས་གཞིའི་འཛུགས་སྐྲུན་ལ་མཚོན་ན་ཤིན་ཏུ་གལ་ཆེ་བ་རེད། ལྟ་སྐུལ་ཚོད་འཛིན་བྱེད་ཚད་ཅེས་པ་ནི་སྒྲིག་ཆས་བརྒྱུད་ནས་ཉེ་འཁོར་གྱི་བྲག་རྡོའི་གནས་ཚུལ་ཁོང་དུ་ཆུད་པར་བྱས་ནས། ཉེ་འཁོར་གྱི་བྲག་རྡོའི་བརྟན་བརླིང་རང་བཞིན་དང་། སྐྱོར་སྲུང་གྲུབ་ཆའི་ལུགས་མཐུན་རང་བཞིན། ཉེན་མེད་རང་བཞིན་བཅས་ལ་གདེང་འཇོག་བྱས་ནས་ཕུག་ལམ་ཨར་ལས་ལ་ཉེན་ཁ་ཡོད་མེད་གཏན་འཁེལ་བྱེད་པར་ཟེར།

ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམC2པ་རྒྱུན་ལས་སྤྱི་གཉེར་པ་གཞོན་པ་སུན་ལའེ་ཡིས་ང་ཚོ་ཨར་ལས་སྡེ་ཚན་ཅིག་ཡིན་པའི་ངོས་ནས་སྡེ་ཚན་གྱིས་གཅིག་གྱུར་བཀོད་འདོམས་འོག། དུས་ཆེན་དང་གུང་སེང་ངལ་གསོའི་སྐབས་སུ་ལས་མཚམས་མི་འཇོག་པའི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ནས་སྒྲིག་ཆས་ཀྱི་ལས་མི་མང་དུ་བཏང་བར་མ་ཟད།ལས་རེས་ཀྱི་གྲངས་ཀ་མང་དུ་བཏང་ནས་ཁྱོན་ཡོངས་ནས་ལྔ་སྣོན་གཉིས་དང་ཉིན་སྣོན་མཚན་གྱི་ཨར་སྐྲུན་བྱེད་སྟངས་ཁྱབ་གདལ་དུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་ལས་གཞིའི་རྣམ་གྲངས་སྐུལ་གཏོང་དང་གནས་ཚུལ་བརྟན་བརླིང་ཡོང་བར་བྱས་ཡོད་ཅེས་བཤད།

ད་སྔར། རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་གི་གནས་བབ་སྔར་བཞིན་ཛ་དྲག་ཡིན་པས། ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཚད་ཧྲིལ་པོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་ལྟར། འཚུབ་བསྟུན་རྣམ་པ་ངར་སློང་མགྱོགས་པོ་བྱས་ནས་འགོ་མཆེད་མེད་པའི་གྲུབ་འབྲས་ལ་བརྟན་སྲུང་བྱས་ཏེ་ལམ་བརྒྱུད་ཧྲིལ་པོའི་འཛུགས་སྐྲུན་པ་ཚོས་སྔོན་འགོག་དང་ཚོད་འཛིན་གྱི་སྲུང་ཡོལ་ཇེ་བརྟན་དུ་བཏང་། ལས་གཞི་མཚམས་མི་འཇོག་པར་སྐུལ་འདེད་བཏང་ནས་མགྱོགས་མྱུར་ངང་ལོ་ཧྲིལ་པོའི་ལས་གཞིའི་དམིགས་ཡུལ་བདེ་བླག་ངང་ལེགས་འགྲུབ་པར་སྐུལ་འདེད་བཏང་བ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1