རྒྱལ་ཁབ་ས་ཡོམ་དྲ་བའི་གཞུང་ཕྱོགས་པོད་འཕྲིན་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོའི་ས་ཡོམ་དྲ་བས་ཟླ12པའི་ཚེས6ཉིན་གྱི་ཆུ་ཚོད14དང་སྐར་མ26ཐོག་མཚོ་སྔོན་མགོ་ལོག་ཁུལ་དགའ་བདེ་རྫོང(བྱང་གི་འཕྲེད་ཐིག་ཏུའུ34.21དང་ཤར་གྱི་གཞུང་ཐིག་ཏུའུ100.58ཡིན)དུ་ས་ཡོམ་རིམ་པ4.7ཅན་ཞིག་བྱུང་བ་དང་ཡོམ་ཁུངས་གཏིང་ཚད་སྟོང་སྨི9ཟིན་པ་རེད།