དར་མདོ་གྲོང་ཁྱེར་གཉའ་ལུང་སྲང་ལམ་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དྲ་བ་དམ་ཚགས་བཟོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-21


        ཉིན་ཤས་རིང་། དར་མདོ་གྲོང་ཁྱེར་གཉའ་ལུང་སྲང་ལམ་དུ་ལམ་སྲོལ་བཙུགས་ནས་ཚད་ལྡན་དུ་གཏོང་བ་དང་འགན་འཁྲི་ཏན་ཏིག་འཁུར་ནས་ལས་དོན་ལ་དམ་འཛིན་བྱེད་པ། ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་བཅོས་སྒྲིག་བྱེད་པ་དང་། དོ་དམ་ཚོད་འཛིན་དང་དོན་འཁྱོལ་ཚད་ལྡན་དུ་གཏོང་བ། སྔོན་འགོག་ཚོད་འཛིན་གྱི་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་ནུས་ཤུགས་ཡོད་རྒུས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྔོན་འགོག་ལས་དོན་ལ་སྐུལ་འདེད་བཏང་བ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། སྲང་ལམ་དེས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དང་མངོན་མེད་རྐྱེན་ངན་ལ་རྩད་ཞིབ་བྱེད་པ་དང་། ལྟ་ཞིབ་དང་ཞིབ་བཤེར་བྱེད་པ། འགན་འཁྲིའི་མ་ལག་འཛུགས་པ་དང་འཚུབ་བསྟུན་ནང་སྦྱོང་བྱེད་པ། གྲོང་སྲོལ་དམངས་ཆིངས་བཟོ་བ།འགན་འཁྲིའི་མ་ལག་ཆ་ཚང་འཛུགས་པ།སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཆ་ཚང་བཟོ་བ།འཚུབ་བསྟུན་རུ་ཁག་འཛུགས་པ། ཐ་མག་འཐེན་ས་འཛུགས་པ་དང་དྲོད་འདོན་ཁང་འཛུགས་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ཡོད། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་འགོག་གི“རིམ་པ་ལྔའི་འགན་འཁྲིའི”མ་ལག་འཛུགས་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག་དེ་འཐུས་ཚང་དུ་བཏང་སྟེ། ཐོག་མཐའ་བར་གསུམ་དུ་ཁྱབ་པའི་འགན་འཁྲིའི་མ་ལག་བཙུགས་པ་རེད།
        “ཟླ་རེར་བརྡར་གཅོད་ཐེངས་རེ་དང་གཟའ་འཁོར་རེར་བཀོད་གཏོང་ཐེངས་རེ་བྱེད་པ”རྒྱུན་འཁྱོངས་བྱས་ནས། སྔ་རྗེས་སུ་ཏང་ལས་དོན་ཨུ་ལྷན་གྱི་ཚོགས་འདུ་དང་མགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ། ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་བཅས་ཚོགས་འདུ་ཐེངས48འཚོགས་ནས། དུས་རྒྱུན་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་འགོག་གི་ལས་དོན་དམ་འཛིན་དང་ལྟ་སྐུལ་བཅས་བྱ་རྒྱུར་འགན་ལེན་བྱས།
        ཁོངས་གཏོགས་ཁུལ་གྱི་གཙོ་གནད་ས་ཁོངས་དང་གཙོ་གནད་ལས་རིགས།གཙོ་གནད་ཀྱི་གནད་འགག་ཐུག་ས་བཅས་ལ་གཟབ་ནན་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དང་། དེ་བཞིན་ཉེན་མེད་ཐོན་སྐྱེད་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་ཆེན་པོ་དང་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་ཁྱོན་ཡོངས་ལ་ཁྱབ་པ་བྱས་ནས་གནད་དོན་དང་ལས་འགན།འགན་འཁྲི་བཅས་ཀྱི་རྩིས་ཁྲ་གསལ་པོ་བཟོས་ནས་རིགས་བགོས་དོ་དམ་ལམ་ལུགས་ལག་བསྟར་བྱས་ཤིང་། “གནད་དོན་གཅིག་ལ་ཐོ་འགོད་གཅིག”དང“རྣམ་གྲངས་རེར་རྩིས་ཐོ་རེ” “དག་ཐེར་རེར་ཨང་རྟགས་རེ”ལག་བསྟར་བྱས་ཡོད། རིམ་རྩིས་བྱས་པ་ལྟར་ན།ལྟ་སྐུལ་ཞིབ་བཤེར་ཐེངས56བྱས་པ་དང་། མངོན་མེད་རྐྱེན་ངན་གནད་དོན18རྒྱུས་ལོན་བྱུང་བ། གནད་དོན18དག་ཐེར་བྱས་པ་དང་། ཁེ་ལས་དང་གྲོང་སྡེ་གཅིག་ལ་སྐོང་འདྲི་བྱས་པ་དང་དག་ཐེར་ཡོ་བསྲང་གི་བསམ་འཆར་ཡི་གེ5བཅས་བཏོན་པ་རེད།
        དྲྭ་མིག་ཅན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་དང་འགན་ལེན་གྱི་འགན་འཁྲི་དོན་འཁྱོལ་བྱས་ནས“ཉིན་གཅིག་ལ་སྐོར་ཞིབ་ཐེངས་རེ”དང“ཉིན་གཅིག་ལ་སྙན་ཞུ་ཐེངས་རེ”“ཉིན་གཅིག་ལ་བཀོད་གཏོང་ཐེངས་གཅིག”བཅས་རྒྱུན་འཁྱོངས་་བྱས་ནས་རི་མགོ་དང་ནགས་ས།རྩྭ་ཐང་བཅས་མཐའ་གཅིག་ཏུ་བསྲུང་། འགན་འཁྲིའི་ཡི་གེ་དང་ཁས་ལེན་ཡི་གེ་སོགས་ཡི་གེ1066ལ་མིང་རྟགས་བཀོད་པ་དང་། དཔྱད་ཞིབ་བྱེད་གནས12ཚད་ལྡན་དུ་བཏང་ནས་ཉེ་འཁོར་གྱི་གྲོང་རྡལ་དང་ཡུལ་ཤོག་མཉམ་འབྲེལ་འགན་ལེན་གྱི་ཁས་ལེན་ཡི་གེ3ལ་མིང་རྟགས་བཀོད།
        དེ་དང་ཆབས་ཅིག“གྲོང་སྡེ་རེར་ཐབས་ཇུས་རེ་དང་ས་ཆ་རེར་གནད་དོན་རེའི”རྩ་དོན་ལྟར་སྲང་ལམ་དང་གྲོང་སྡེའི་འཕྲལ་སྡོམ་སྔོན་ཇུས་དང་འཕྲལ་སྡོམ་ཐག་གཅོད་བྱེད་ཐབས་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ་སྲང་ལམ་དང་གྲོང་སྡེའི་མི240ཡོད་པའི་ཆེད་ལས་ཕྱེད་ཙམ་གྱི་མེ་གསོད་རུ་ཁག་བཙུགས། གྲོང་སྡེ(གཞིས་ཁུལ)དང་ཁེ་ལས་སྒྲིག་འཛུགས་བྱས་ཏེ་ཕྱོགས་བསྡུས་འཕྲལ་སྡོམ་ནང་སྦྱོང་ཆེ་གྲས་ཐེངས3སྤེལ་བ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1