ཟླ་12ཚེས་18ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲེན་འདུ་རྫོང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་12ཚེས་17ཉིན་ཞིབ་འཇུག་མི་སྣས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་ཆུའི་དབུས་རྒྱུད་ཀྱི་འཛོམ་ཉག་ས་ཁུལ་ནས་གནའ་བོའི་བྲག་བརྐོས་རི་མོ་ཚོམ་བུ་ཞིག་གསར་རྙེད་བྱུང་བ་དང་། ཡུལ་དངོས་ནས་བསྡོམས་རྩིས་རྒྱག་པར་གཞིགས་ན། ཁྱོན་བྲག་བརྐོས་རི་མོ་ཁག་191ཡོད་པ་དང་། དེ་ནི་ཡུལ་ཤུལ་གྲོང་ཁྱེར་འབྲི་ཆུའི་དབུས་སྟོད་རྒྱུད་ས་ཁུལ་ནས་གནའ་བོའི་བྲག་བརྐོས་རི་མོའི་རྗེས་ཤུལ་རྙེད་ཐེངས་དང་པོ་ཡིན་པ་རེད། འདི་ནི་གནའ་བོའི་བྲག་བརྐོས་རི་མོའི་རྗེས་ཤུལ་རེད།