༄༅། །ཁྱིམ་ཐོའི་སྟེང་གི་རུས་མིང་ཇི་ལྟར་བརྗེ་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-10


གྱོད་དཔེ།

            དར་རྒྱས་ནི་སྟག་རྩེ་དགོན་གྱི་གྲྭ་པ་དཀྱུས་མ་ཞིག་ཡིན། ཁོ་གྲྭ་པ་མ་བྱས་པའི་སྔོན་དུ་མིང་ལ་ཚེ་རིང་ཞེས་འབོད་པས་ཁྱིམ་ཐོ་དང་སྡོད་དམངས་ལག་ཁྱེར་སྟེང་ཡང་ཚེ་རིང་ཞེས་བྲིས་ཡོད། གྲྭ་བ་བྱས་རྗེས་མཁན་པོས་ཁོང་ལ་དར་རྒྱས་ཞེས་ཆོས་མིང་བསྩལ་བ་དང་། ཆོས་གྲོགས་ཡོངས་ཀྱིས་ཀྱང་དར་རྒྱས་ཞེས་མིང་ནས་འབོད་བཞིན་ཡོད། ད་སྐབས་སྲིད་གཞུང་གིས་དགོན་པར་ཆོས་ལུགས་ལས་རིགས་པའི་དཔང་ཡིག་སྤྲོད་བཞིན་ཡོད་ལ་དཔང་ཡིག་དེའི་སྟེང་དུ་ཁོས་དར་རྒྱས་ཞེས་པའི་མིང་དེ་སྤྱད་རྒྱུའི་རེ་ཞུ་ཕུལ་ཀྱང་དོན་འདི་ལ་ཐོག་མར་རང་ཉིད་ཀྱི་ཁྱིམ་ཐོའི་སྟེང་གི་མིང་དེ་བརྗེ་དགོས་ཟེར། དེ་ན་འབྲེལ་ཡོད་བཅའ་ཁྲིམས་ལྟར་ཁྱིམ་ཐོའི་སྟེང་གི་མིང་དེ་དར་རྒྱས་ཞེས་པར་བརྗེ་ཐུབ་མིན་གྱི་ལན་གསལ་པོ་ཞིག་གདབ་པར་འཚལ།


ཁྲིམས་བཤད།

         རུས་མིང་ནི་སྤྱི་དམངས་གང་ཞིག་གཞན་པའི་སྤྱི་དམངས་དང་ཁྱད་པར་འབྱེད་བྱེད་ ཡིན་ལ། རུས་མིང་ཐོ་འགོད་བྱས་ཏེ་ཁྱིམ་ཐོའི་སྟེང་བཀོད་རྗེས་གང་འདོད་དུ་སྒྱུར་བཅོས་བྱ་མི་ཆོག གལ་ཏེ་སྒྱུར་བཅོས་བྱེད་དགོས་ཚེ་ངེས་པར་དུ་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ལྟར་བསྒྲུབ་དགོས། གཏན་འཁེལ་ལྟར་ན། སྤྱི་དམངས་ཀྱིས་རུས་མིང་སྒྱུར་བཅོས་བྱེད་དགོས་ན་ངེས་པར་དུ་ཁྱིམ་ཐོ་ཐོ་འགོད་ལས་ཁུངས་སུ་སོང་ནས་སྒྱུར་བཅོས་རེ་འདུན་ཞུ་དགོས་ཏེ་བྱེ་བྲག་གི་ཆ་རྐྱེན་ནི། གཅིག ལོ་18ལ་མ་སོན་པའི་སྤྱི་དམངས་ཀྱིས་རུས་མིང་སྒྱུར་བཅོས་བྱ་དགོས་ཚེ། མི་རང་ཉིད་དམ་ཕ་མ། ཡང་ན་གསོ་སྐྱོང་བྱེད་མཁན་དེ་ཁྱི མ་ཐོ་ཐོ་འགོད་ལས་ཁུངས་སུ་སོང་ནས་རུས་མིང་སྒྱུར་བཅོས་ཀྱི་ཐོ་འགོད་རེ་འདུན་ཞུ་དགོས། ཁྱིམ་ཐོ་ཐོ་འགོད་སྡེ་ཁག་གིས་གནས་ཚུལ་ལ་བརྟག་དཔྱད་བྱས་རྗེས་རུས་མིང་སྒྱུར་བཅོས་ཀྱི་ཐོ་འགོད་དང་ལེན་བྱ་ཆོག གཉིས། ལོ་18ཡན་ལོན་པའི་མིས་རུས་མིང་སྒྱུར་བཅོས་བྱེད་པའི་རེ་འདུན་ཞུས་ཚེ། གནས་ཚུལ་རྣམས་གཟབ་ནན་སྒོས་རྒྱུས་ལོན་གསལ་པོ་བྱ་དགོས། སྒྱུར་བཅོས་བྱེད་པའི་གནས་ལུགས་ལྡན་ཚེ། མི་རང་ཉིད་ཀྱིས་ཡིག་ཐོག་གི་རྣམ་པའི་རེ་འདུན་ཞུ་བའམ་ཡང་ན་རང་ཡོད་སའི་ལས་ཁུངས་ཀྱི་མི་དོན་སྡེ་ཁག་ནས་བདེན་དཔང་བླངས་ཏེ་འགན་ཁུར་ས་ཁུལ་གྱི་ཁྱིམ་ཐོ་ཉེན་རྟོག་པས་ཞིབ་དཔྱད་བྱས་ཤིང་། མངག་གཏོང་ཁང་གི་འགོ་གཙོ་ཡིས་ཆོག་མཆན་བཀོད་རྗེས་སྒྱུར་བཅོས་ཐོ་འགོད་བསྒྲུབ་ཆོགགསུམ། ཁྲིམས་ལྟར་ཆབ་སྲིད་ཁེ་དབང་བླངས་ཡོད་པའི་མི་ཡིས་རུས་མིང་སྒྱུར་བཅོས་བྱ་མི་ཆོག འོན་ཏེ་དར་རྒྱས་ཀྱིས་འབྲེལ་ཡོད་བཅའ་ཁྲིམས་གཞིར་བཟུང་ཚེ་རུས་མིང་སྒྱུར་བཅོས་བྱ་ཆོག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1