ནག་ཆུ་གྲོང་ཁྱེར་གྱིས“དཔེ་འཛར་ལྗང་གུའི་བྱ་སྤྱོད”སྤེལ་ནས་ཕྲུ་གུ་བདེ་ཐང་ངང་འཚར་ལོངས་ཡོང་བར་རམ་འདེགས་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 12-27


        འདི་ནི་ནག་ཆུ་གྲོང་ཁྱེར་གྱི“འཆལ་རྡུང་ལོག་སེལ”གཞུང་ལས་ཁང་གི་ལས་དོན་མི་སྣས་ཞིང་འབྲོག་མང་ཚོགས་དང་སློབ་མར“འཆལ་རྡུང་ལོག་སེལ”གྱི་འབྲེལ་ཡོད་ཤེས་བྱ་གསལ་འགྲེལ་བྱེད་བཞིན་པ།
         “འཆལ་རྡུང་ལོག་སེལ་དང་ཕྲུ་གུར་སྲུང་སྐྱོང”གི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་བ་དང་ན་སོ་དར་ལ་མ་བབས་པའི་མི་སྐྱོན་བྲལ་ངང་འཚར་ལོངས་ཡོང་བའི་རིག་གནས་ཁོར་ཡུག་ཡག་པོ་བཏོད་དེ། རྒྱལ་ཡོངས་དང་རང་སྐྱོང་ལྗོངས་ཀྱི“འཆལ་རྡུང་ལོག་སེལ”ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ནག་ཆུ་གྲོང་ཁྱེར་གྱིས“དཔེ་འཛར་ལྗང་གུའི་བྱ་སྤྱོད”ཀྱི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་ན་སོ་དར་ལ་མ་བབས་པའི་མིའི་འཚར་ལོངས་ཁོར་ཡུག་གཙང་མ་ནུས་ལྡན་བཟོས་པ་དང་། སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ“ཕྲུ་གུར་སྲུང་སྐྱོང”བྱེད་པའི་ཁོར་ཡུག་བཟང་པོ་བཏོད་པ་རེད།
        “དཔེ་འཛར་ལྗང་གུའི་བྱ་སྤྱོད”ཀྱི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་གཏིང་ཟབ་སྤེལ་ནས་གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱེད་པ་དང་། སློབ་མས་དཔེ་དེབ་མང་ཙམ་ཀློག་པ་དང་དཔེ་དེབ་ཡག་པོ་བཀླག་རྒྱུར་ཁྲིད་སྟོན་བྱེད་པ། རང་རྟོགས་ངང་ཁྲིམས་འགལ་གནོད་ཡོད་ཀྱི་དཔེ་སྐྲུན་དངོས་རྫས་དང་ཆ་འཕྲིན་དང་རྒྱང་ཐག་རིང་དུ་གཏོང་བ་བཅས་བྱ་ཆེད། ནག་ཆུ་གྲོང་ཁྱེར་གྱིས་ཡུལ་དེའི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། “དཔེ་འཛར་ལྗང་གུའི་བྱ་སྤྱོད”དང“ཕྲུ་གུར་སྲུང་སྐྱོང་བྱེད་པའི”བྱ་སྤྱོད་དང་འབྲེལ་བ་ཡོད་པའི་ཇུས་གཞི་དང་བརྡ་ཐོ་ཁག་4བཟོས་ཏེ། ཚན་པ་ཁག་དང་སྡེ་ཚན་ཁག་གི་ལས་འགན་དང་བླང་བྱ་སྔར་བས་གསལ་པོ་བཟོས་པས། སྒྲིག་འཛུགས་གནད་ལ་འཁེལ་བ་དང་། ལས་འགན་གནད་ལ་འཁེལ་བ། དོན་འཁྱོལ་དམིགས་སར་འབྱོར་བ་བཅས་བྱུང་བ་རེད།
        ནག་ཆུ་གྲོང་ཁྱེར་གྱི“འཆལ་རྡུང་ལོག་སེལ”གཞུང་ལས་ཁང་དང་། སྦྲ་ཆེན་རྫོང་གི“འཆལ་རྡུལ་ལོག་སེལ”གཞུང་ལས་ཁང་གིས་འབྲེལ་ཡོད་ཁོངས་མིའི་ཚན་པ་སྒྲིག་འཛུགས་བྱས་ཏེ། 2021ལོའི་དབང་གནོད་རྐུ་སྤྱོད་དང་ཁྲིམས་འགལ་དཔེ་སྐྲུན་དངོས་རྫས་གཅིག་སྡུད་མེར་སྲེག་པའི་བྱ་སྤྱོད་སྤེལ་བས་དབང་གནོད་རྐུ་སྤྱོད་ལ་རྡུང་རྡེག་གཏོང་བ་དང་ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་པའི་ཐད་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཏེ། ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ནུས་ལྡན་ངང་ཟིལ་གྱིས་མནན་པ་དང་། སློབ་གྲྭ་འབྲིང་ཆུང་སློབ་འགོ་ཚུགས་པའི་དུས་སྐབས་སུ་ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་དང“འཆལ་རྡུང་ལོག་སེལ”གཞུང་ལས་ཁང་གི་ལས་དོན་མི་སྣས་ནག་ཆུའི་སློབ་གྲྭ་འབྲིང་ཆུང་ཁག་ཏུ“སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི”བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། གོ་བདེ་ཤེས་སླའི་སྐད་ཆ་དང་གསོན་ཉམས་དོད་པའི་གྱོད་དཔེར་བརྟེན་ནས་གནོད་ཡོད་དཔེ་སྐྲུན་དངོས་རྫས་ཀྱི་གནོད་འཚེ་སྒྲོག་འགྲེལ་བྱས་པ་རེད།
        “དཔེ་འཛར་ལྗང་གུའི་བྱ་སྤྱོད”ཀྱི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད། གྲོང་ཁྱེར་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གིས་དཔེ་དེབ་མང་ཙམ་ཀློག་པ་དང་། དཔེ་དེབ་ཡག་པོ་བཀླག་རྒྱུར་ཁྲིད་སྟོན་ནུས་ལྡན་ཐུབ་སྟེ་རང་རྟོགས་ངང་ཁྲིམས་འགལ་གནོད་ཡོད་ཀྱི་དཔེ་སྐྲུན་དངོས་རྫས་དང་ཆ་འཕྲིན་དང་རྒྱང་ཐག་རིང་དུ་བཏང་བས་བདེ་འཇགས་འདུ་ཤེས་ཟབ་ཏུ་དང་ཁྲིམས་སྐྱོང་བྱང་ཚད་མཐོ་རུ་ཕྱིན་པ་རེད། བྱེད་སྒོ་སྤེལ་བ་ནས་བཟུང་། གྲོང་ཁྱེར་ཡོངས་ཀྱིས་ཁྱོན“དཔེ་འཛར་ལྗང་གུ”3200ལྷག་ཙམ་དང་། དྲིལ་བསྒྲཌ་གསལ་བརྡ་4500ལྷག་ཙམ། དྲིལ་བསྒྲགས་དཔྱད་གཞི་2000ལྷག་ཙམ། དྲིལ་བསྒྲགས་ཐོན་རྫས་ཁག་5000ལྷག་ཙམ་བཅས་སྤྲད་པ་དང་། རིམ་ཁག་སྨྱན་སྦྱོར་གྱིས་དྲིལ་བསྒྲགས་གསར་འགྱུར་ཐེངས15སྤེལ་བ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1