སྤྱི་ཟླ་2པའི་ཚེས་9ཉིན། ཧིན་ཉིའི་སུའུ་མ་ཐྲི་ར་ཞིང་ཆེན་གྱི་སའེ་ན་བྷང་(Sinabung)མེ་རི་ཡང་བསྐྱར་གས་འཕྱུར་ཆེན་པོ་བྱུང་ཞིང་། མེ་རི་འཕྱུར་བའི་ཐལ་རྡུལ་གྱིས་ནམ་མཁའ་གཡོགས་པར་བྱས། ཉེ་འཁོར་གྱི་གྲོང་སྡེ་ཡོངས་མེ་རིའི་ཐལ་རྡུལ་གྱིས་གཡོགས་པར་བྱས་ཤིང་། སྐབས་ཤིག་ལ་གྲོང་སྡེའི་སྲང་ལམ་ཡང་མི་མཐོང་བར་གྱུར།
སའེ་ན་བྷང་མེ་རི་ནི་ཧིན་ཉིའི་མེ་རི་129ཡི་ཡ་གྱལ་ཞིག་ཡིན་ལ། མེ་རི་འདི་མ་འཕྱུར་བར་ལོ་མང་པོ་འགོར་རྗེས་ཀྱི་2013ལོའི་སྤྱི་ཟླ་9པར་སླར་ཡང་འཕྱུར་འགོ་བརྩམས། དེ་ནས་2014ལོའི་སྤྱི་ཟླ་1པོར་མེ་རི་འདི་ཡང་བསྐྱར་གས་འཕྱུར་ཆེན་པོ་བྱུང་ནས། མི་17རྐྱེན་ལམ་དུ་ཤོར་ཞིང་མི་སྟོང་ཁྲག་མང་པོ་ཡུལ་སྤོར་བྱ་དགོས་པར་གྱུར། ན་ནིང་སྤྱི་ཟླ་10པར་ཡང་མུ་མཐུད་ནས་འཕྱུར་ཡོད་ལ། སྡོད་དམངས་ཡུལ་སྤོར་བྱ་དགོས་པ་ཙམ་མིན་པར། འགྲུལ་སྐྱེལ་གནམ་གྲུ་དང་ཡུལ་སྐོར་སྤྲོ་གསེང་ལས་རིགས་ལའང་ཤུགས་རྐྱེན་ཐེབས་པར་བྱས། །