སྤྱི་ཚེས་4ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྔ་རྗེས་སུ་རྒྱལ་ཁབ་མྱུར་བགྲོད་འཁྱགས་ཤུར་ཁང་དང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་སྨྱན་སྦྱོར་གཙོ་བོའི་ལྟེ་གནས། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲོང་ཚོ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་འཁོར་སྐྱོད་བཀོད་འདོམས་པུའི་བཀོད་གཏོང་ལྟེ་གནས། ཉེར་བདུན་བཟོ་གྲྭའི་གངས་འཁྱགས་རྣམ་གྲངས་སྦྱོང་བརྡར་རྟེན་གཞི་བཅས་སུ་ཕེབས་ཏེ། ཡུལ་དངོས་སུ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲབས་གཉེར་དང་གྲ་སྒྲིག་ལས་དོན་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་དང་ལུས་རྩལ་པ་དང་རྩལ་སློབ་པ། འཁོར་སྐྱོད་དོ་དམ་མི་སྣ། ཞབས་ཞུ་འགན་སྲུང་མི་སྣ། ཚན་ཞིབ་མི་སྣ། སྨྱན་སྦྱོར་གསར་འགོད་པ། དང་བླངས་པ་སོགས་ལ་མཇལ་འཕྲད་འཚམས་འདྲི་གནང་བ་མ་ཟད། ཚང་མར་གནམ་ལོ་གསར་ཚེས་ཀྱི་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་རེད།