ཀྲུང་གོ་ས་འགུལ་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་ལེན་བྱས་པར་གཞིགས་ན། སྤྱི་ཟླ་1ཚེས་8ཉིན་གྱི་ཆུ་ཚོད་1དང་སྐར་མ་45ཡི་ཐོག །མཚོ་སྔོན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་རྫོང་དུ་ས་འགུལ་ཚད་རིམ་6.9བྱུང་བ་དང་། འགུལ་ཁུངས་ཀྱི་གཏིང་ཚད་སྟོང་སྨི་10ལ་སླེབས་ཡོད། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཟླ1ཚེས8ཉིན་གྱི་ཆུ་ཚོད1:50ནས་ཚབས་ཆེའི་ས་འགུལ་གནོད་འཚེའི་རིམ་པIIཔའི་འཕྲལ་སྒྲུབ་བྱ་ཐབས་ལག་བསྟར་བྱས།
ས་འགུལ་གྱི་ལྟེ་བ་དེ་མིན་ཡོན་རྫོང་དང་བར་ཐག་སྤྱི་ལེ་54ཡི་སར་ཡོད་པ་དང་། དེ་ནས་ཟི་ལིང་གྲོང་ཁྱེར་བར་བར་ཐག་སྤྱི་ལེ་136ཡོད། རེས་སྐོར་དང་པོའི་བརྟག་བཤེར་བྱེད་སྐབས་མི་སྣ་ཤི་རྨས་བྱུང་བའི་སྐོར་གྱི་སྙན་ཞུ་འབྱོར་མེད་ཅིང་། ས་འགུལ་གནོད་འཚེའི་གནས་ཚུལ་ཞིབ་ཕྲ་རྒྱུས་ལོན་བྱེད་མུས་ཡིན་པ་རེད།