སྨན་བཅོས་འགན་སྲུང་ཇུས་ཡག། དམངས་འཚོའི་ལས་ཀྱི་གཞི་མ།།

གསང་བདག་སྒྲོལ་མ་དང་མོའུ་ཧྥུ་རུང་། རྩོམ་སྒྲིག་པ།ཡོང་ཁུངས།རྔ་བའི་བོད་སྐད་བརྙན་འཕྲིན། སྤེལ་དུས། 01-10



    སྨན་བཅོས་འགན་སྲུང་ནི་དམངས་སེམས་བདེ་བར་བྱེད་པའི་བྱ་གཞག་ཅིག་ཡིན་ཏེ། ཏང་དང་སྲིད་གཞུང་གིས་མི་སེར་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པའང་མཚོན་ནུས། མང་ཚོགས་ཀྱིས་སྨན་བཅོས་འགན་ལེན་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་དང་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་ཆེད། རྔ་བ་ཁུལ་གྱི་ཚོགས་ཆེན་གཉིས་ཀྱི་དུས་ཡག་དང་བསྟུན་ནས། རྔ་བ་ཁུལ་སྨན་བཅོས་འགན་ལེན་ཅུས་དང་འབར་ཁམས་གྲོང་ཁྱེར་སྨན་བཅོས་འགན་ལེན་ཅུས་གཉིས་མཉམ་འབྲེལ་སྒོས། ཅིའུ་ཀྲོའུ་ཐང་ཆེན་དུ་ལས་སྒོའི་རྐང་འཛིན་པ་རྩ་འཛུགས་བྱས་ནས་སྨན་བཅོས་འགན་བཅོལ་སྲིད་ཇུས་སྒྲོག་འགྲེལ་བྱས།

    བྱེད་སྒོ་སྤེལ་ཡུལ་དུ། དྲིལ་སྒྲོག་ཡི་གེ་སྦྱར་བ་དང་བློ་འདྲི་ས་བཙུགས་པ། དྲིལ་སྒྲོག་དངོས་རྫས་དང་ཡིག་ཆ་བཀྲམ་པ་སོགས་ཀྱི་རྣམ་པ་བརྒྱུད། མང་ཚོགས་ཀྱིས་སེམས་ཁུར་བྱེད་བཞིན་པའི་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་འཇལ་བ་དང་། ནད་གཞི་ལྕི་མོའི་རིགས་ཀྱི་འགན་བཅོལ། གཞན་ཡུལ་དུ་སྨན་བཅོས་བྱེད་པ་དང་། དམིགས་བསལ་གྱི་སྒོ་བསྟེན་སྨན་ཁང་། འགྲོ་སོང་རྩིས་ཞུའི་བརྒྱུད་རིམ། ཐོབ་ཐང་ལོངས་སྤྱོད་སོགས་ཀྱི་གནད་དོན་ལ་དམིགས་ནས་སྲིད་ཇུས་དྲིལ་སྒྲོག་བྱས་པར་མ་ཟད། ཡུལ་དངོས་སུ་མང་ཚོགས་ཀྱི་བློ་འདྲི་དང་ལེན་བྱས་ཤིང་། མང་ཚོགས་ཀྱི་འདོད་མོས་རྩ་བར་བྱས་ནས། མང་ཚོགས་ཀྱི་ལངས་ཕྱོགས་མཐའ་འཁྱོངས་དང་རང་འགུལ་ངང་དགོས་མཁོ་དམངས་ལ་འདྲི་བ། ཐབས་ཇུས་དམངས་ལ་འདྲི་བ། ཨུ་ཡོན་གྱི་འཐུས་མིར་འདྲི་བ་བཅས་བྱས། 
    བྱེད་སྒོའི་ཡུལ་དངོས་སུ་བློ་འདྲི་མཁན་མང་ཞིང་། དྲིལ་སྒྲོག་གི་ཕན་འབྲས་མངོན་གསལ་དོད་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། གྲོང་ཁྱེར་དང་ཁུལ་གྱི་ཚོགས་ཆེན་གཉིས་ཀྱི་སྐབས་སུ་སྨན་བཅོས་འགན་ལེན་སྲིད་ཇུས་དྲིལ་སྒྲོག་གི་ཡིག་ཆ་5700བཀྲམས་པ་དང་། མང་ཚོགས་མི་ཐེངས་1300ལྷག་གི་བློ་འདྲི་དང་ལེན་བྱས། 

    རྗེས་མར། ང་ཚོས་སྨན་བཅོས་འགན་བཅོལ་གྱི་འགན་ནུས་དང་འགན་འཁྲིར་གཞི་ཚུགས་ནས་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་དྲིལ་སྒྲོག་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་སྟེ། ཕྱོགས་ཡོངས་དང་རིམ་པ་མང་བ། ཕྱོགས་ཡོངས་ལ་ཁྱབ་པ། ཆད་ལུས་མེད་པ་བཅས་ཀྱི་སྲིད་ཇུས་དྲིལ་སྒྲོག་བྱས་པ་བརྒྱུད། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་། སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། དུས་རབས་གསར་བའི་དམངས་འཚོའི་རྒྱུགས་ལན་ཡག་པོ་ཞིག་ཧུར་ཐག་གིས་ཕུལ་ནས་རང་ཁུལ་གྱི་སྨན་བཅོས་འགན་བཅོལ་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྤྱི་ཚོགས་ཀྱི་རྣམ་པ་བཟང་བོ་ཞིག་གཏོད་དགོས་སོ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1