ཀན་སུའུ་མདོ་ལ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་མཚོ་བོད་དང་། སོག་ཞིན། ས་སེར་བཅས་ས་མཐོ་ཆེན་པོ་གསུམ་གྱི་ས་མཚམས་ཀྱི་མདོ་ལ་རི་བོའི་བྱང་འདབས་སུ་གནས་པ་དང་། ནགས་ཚལ་སྣོད་བཅུད་མ་ལག་རིགས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་ཡིན་ཞིང་། སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་265.3ཟིན་ཡོད། མཚོ་སྔོན་གྱི་གསོམ་སྡོང་དང་གསའ། ཤྭ་བ། འབྲོང་། རྐྱང་། གཡི་སོགས་སྐྱེ་དངོས་ནི་སྲུང་སྐྱོང་བྱ་ཡུལ་ཡིན་པ་རེད།